ཀྲུང་གོ་བོད་ཀྱི་དྲ་བ།

སོ་ཏི་ཨ་རབ་སྲིད་གཞུང་གིས་དབྱི་རག་ཁུའུ་ཨར་ཏི་རང་སྐྱོང་ས་ཁུལ་གྱིས་རང་བཙན་བྱེད་པར་དམངས་ཀྱིས་བརྡས་ཐག་གཅོད་མི་རུང་བའི་འབོད་སྐུལ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-09-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  སོ་ཏི་ཨ་རབ་སྲིད་གཞུང་གིས་ཚེས་ཉི་ཤུའི་ཉིན་གསལ་སྒྲོག་སྤེལ་ཏེ། དབྱི་རག་གི་ཁུའུ་ཨར་ཏི་རང་སྐྱོང་ས་ཁུལ་གྱིས་རང་བཙན་བྱེད་པར་དམངས་ཡོངས་ཀྱིས་བརྡས་ཐག་གཅོད་བཅད་དེ་དབྱི་རག་དང་ས་ཁུལ་གྱི་གནས་བབ་ཐད་ཉམས་ཉེན་གསར་བ་འབྱུང་དུ་འཇུག་མི་རུང་ཟེར།

གསལ་སྒྲོག་ལས་དབྱི་རག་གི་ཁུའུ་ཨར་ཏི་རང་སྐྱོང་ས་ཁུལ་གྱི་ཀྲུའུ་ཞི་པཱ་ཨར་ཀྲ་ནེ་ཡིས་ཟླ་དགུ་བའི་ཚེས་ཉེར་ལྔ་ཉིན་གྱི་རང་བཙན་བྱེད་པར་དམངས་ཡོངས་ཀྱིས་བརྡས་ཐག་གཅོད་པའི་འཆར་གཞི་རྩིས་མེད་དུ་གཏོང་དགོས་པའི་འབོད་སྐུལ་བཏང་།

གསལ་སྒྲོག་ལས་བཤད་རྒྱུར། རང་བཙན་བྱེད་པར་དམངས་ཡོངས་ཀྱིས་བརྡས་ཐག་གཅོད་པ་དེས་དབྱི་རག་གི་ཆབ་སྲིད་དང་བདེ་འཇགས། མི་ཆོས་རིང་ལུགས་བཅས་ཀྱི་ཐད་ཤུགས་རྐྱེན་ངན་པ་ཐེབས་སྲིད་པར་མ་ཟད། ས་ཁུལ་གྱི་གནས་བབ་གཏན་འཇགས་དང་འཇིགས་སྐུལ་རིང་ལུགས་ལ་ངོ་རྒོལ་བྱེད་པའི་བྱ་བ་སོགས་ལའང་ཕན་ཐོགས་མེད་ཟེར།

གསལ་སྒྲོག་ལས་ད་རུང་བཤད་རྒྱུར། དབྱི་རག་གིས་གྲོས་མོལ་བྱས་ཤིང་། སྤྱི་ཚོགས་རིམ་པ་སོ་སོ་དང་མི་རིགས་སོ་སོའི་ཁེ་ཕན་རེ་འདོད་བསྐངས་ཏེ། དབྱི་རག་གི་མངའ་ཁོངས་དང་བདག་དབང་ཆ་ཚང་ཡོང་བར་སྲུང་སྐྱོབ་བྱེད་དགོས་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།