ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་རག་སྲིད་གཞུང་དམག་དཔུང་གིས་ཡང་བསྐྱར་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ལ་དམིགས་པའི་དཔུང་འཇུག་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-09-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་རག་སྲིད་གཞུང་གིས་ཚེས་ཉེར་གཅིག་ཉིན་ཁྱབ་སྒྲོག་བྱས་དོན། བྱང་ཕྱོགས་ཀྱི་ཅི་ཨར་ཁུའུ་ཁི་ཞིང་ཆེན་དང་སཱ་ལཱ་ཧི་ཏེན་ཞིང་ཆེན་གྱི་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ལ་དམིགས་པའི་དཔུང་འཇུག་སྐོར་ཐེངས་གསར་བ་སྤེལ་བཞིན་ཡོད་ཟེར།

དབྱི་རག་གི་ཙུང་ལི་ཨ་པཱ་ཏིས་ཀྱིས་ཉིན་དེར་བདེན་དཔང་བྱས་དོན། དབྱི་རག་དམག་དཔུང་གིས་ཅི་ཨར་ཁུའུ་ཁི་ཞིང་ཆེན་གྱི་ཧཱ་ཝེ་ཅེ་བཅིངས་འགྲོལ་བྱེད་པའི་དུས་རིམ་དང་པོའི་དམག་དོན་འགུལ་སྐྱོད་སྤེལ་བ་དང་། ཉེན་རྟོག་དམག་དཔུང་དང་འཕྲལ་སྒྲུབ་དམག་དཔུང་འདུས་པའི་སྲིད་གཞུང་གི་དམག་མི་དང་། ཧྲི་ཡེ་ཕྱོགས་ཁག་གི་དམངས་དམག་གིས་ཅི་ཨར་ཁུའུ་ཁི་ཞིང་ཆེན་གྱི་ཧཱ་ཝེ་ཅེ་ས་ཁུལ་དང་སཱ་ལཱ་ཧི་ཏེན་ཞིང་ཆེན་གྱི་ཧྲི་ཨར་ཅཱ་ཐི་ས་ཁུལ་དུ་འགུལ་སྐྱོད་སྤེལ་བཞིན་ཡོད་ཟེར།

ཅི་ཨར་ཁུའུ་ཁི་ཞིང་ཆེན་དང་སཱ་ལཱ་ཧི་ཏེན་ཞིང་ཆེན་གཉིས་དབྱི་རག་གི་བྱང་ཕྱོགས་སུ་གནས་པ་དང་། ཉིས་སྟོང་བཅུ་བཞིའི་ལོར་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱིས་བཙན་བཟུང་བྱས་པ་རེད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།