ཀྲུང་གོ་བོད་ཀྱི་དྲ་བ།

མའོ་ཞི་ཁིའི་ས་འགུལ་ལས་ཉུང་མཐར་ཡང་མི་ཉིས་བརྒྱ་དང་གྱ་དྲུག་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-09-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མའོ་ཞི་ཁིའི་རྒྱལ་ཁབ་ཀྱི་དམངས་སྲུང་སྤྱི་ཁྱབ་ཅུའུ་ཡིས་ཚེས་ཉེར་གཉིས་ཉིན་བསྒྲགས་པ་ལྟར་ན། ཚེས་བཅུ་དགུའི་ཉིན་གྱི་ཉིན་གུང་མའོ་ཞི་ཁི་ནས་བྱུང་བའི་ཚད་རིམ་བདུན་དང་གྲངས་ཆུང་གཅིག་གི་ས་འགུལ་ལས་མའོ་ཞི་ཁི་རྒྱལ་ཡོངས་སུ་ཉུང་མཐར་ཡང་མི་ཉིས་བརྒྱ་དང་གྱ་དྲུག་རྐྱེན་ལམ་དུ་ཤོར་བ་དང་། དེའི་ནང་མའོ་ཞི་ཁི་མཁར་དུ་མི་བརྒྱ་དང་ཞེ་བརྒྱད་རྐྱེན་ལམ་དུ་ཤོར།

མའོ་ལོས་ལོ་སི་ཀྲིག་ནས་མི་དོན་གསུམ་རྐྱེན་ལམ་དུ་ཤོར། ཕུའུ་ཨེ་པུའུ་ལཱ་ཀྲིག་ནས་མི་ཞེ་ལྔ་རྐྱེན་ལམ་དུ་ཤོར། མའོ་ཞི་ཁི་ཀྲིག་ནས་མི་བཅུ་གསུམ་རྐྱེན་ལམ་དུ་ཤོར། ཀི་ལོས་ལོ་ཀྲིག་ནས་མི་དྲུག་རྐྱེན་ལམ་དུ་ཤོར། ཝ་ཧཱ་ཁཱ་ཀྲིག་ནས་མི་གཅིག་རྐྱེན་ལམ་དུ་ཤོར་ཡོད་ལ། རྐྱེན་ལམ་དུ་ཤོར་བའི་མི་གྲངས་ད་རུང་ཇེ་མང་དུ་འགྲོ་ངེས་རེད། ཐེངས་འདིའི་ས་འགུལ་ལས་མི་སྟོང་གཉིས་ལྷག་ལ་རྨས་ཕོག་ཡོད་ཟེར།

མིག་སྔར་རྒྱལ་ཡོངས་ཀྱི་གནོད་ཐེབས་ས་ཁུལ་གྱི་བརྒྱ་ཆའི་གོ་ལྔའི་གློག་ཤུགས་མཁོ་འདོན་སླར་གསོ་བྱས་པ་དང་། གནོད་འཚེའི་རྗེས་ཀྱི་རྒུད་སྐྱོབ་དང་གཙང་ཕྱགས་བྱ་བ་མུ་མཐུད་དུ་སྤེལ་བཞིན་ཡོད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།