ཀྲུང་གོ་བོད་ཀྱི་དྲ་བ།

མོ་ཁེར་གྱིས་འགོ་ཁྲིད་བྱེད་པའི་མནའ་འབྲེལ་ཏང་ལ་འཇར་མན་རྒྱལ་ཕྲན་མཉམ་འབྲེལ་གྲོས་ཁང་གི་འདེམས་བསྐོའི་འདེམས་ཤོག་མང་ཤོས་ཐོབ་པ།

ཡོང་ཁུངས། : མི་དམངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2017-09-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

F201709251125090386704977.jpg

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ9ཚེས24ཉིན་གྱི་དགོང་མོར། འཇར་མན་གྱི་སྨྱན་སྦྱོར་གྱི་ཁྱབ་བསྒྲགས་བྱས་པའི་ལས་ཁུངས་མང་པོའི་ཐོག་མའི་འདེམས་ཤོག་རྩིས་ཞིབ་བྱས་འབྲས་ལ་གཞིགས་ན། འཇར་མན་གྱི་ཙུང་ལི་མོ་ཁེར་གྱིས་འགོ་ཁྲིད་བྱེད་པའི་མནའ་འབྲེལ་ཏང་ལ་ཉིན་དེར་འཇར་མན་རྒྱལ་ཕྲན་མཉམ་འབྲེལ་གྲོས་ཁང་གིས་འདེམས་བསྐོ་བྱས་པའི་ཁྲོད་འདེམས་ཤོག་མང་ཤོས་ཐོབ་ཅིང་། ཏང་གཞན་དག་ཁག་ལས་སྔོན་དུ་ཚུད་ཡོད་པ་རེད།

འཇར་མན་གྱི་བརྙན་འཕྲིན་དང་པོ་དང་གཉིས་པས་ཉིན་དེའི་དགོང་མོའི་ཆུ་ཚད7དང་སྐར་མ58ཡོལ་ཙམ་ལ་ཁྱབ་བསྒྲགས་བྱས་པའི་འདེམས་ཤོག་རྩིས་ཞིབ་བྱས་འབྲས་ལས་མངོན་གསལ། མནའ་འབྲེལ་ཏང་གི་འདེམས་ཤོག་ཐོབ་ཚད་ནི32.9%ཡིན་ཞིང་། ཨང་དང་པོ་ཐོབ་པ་དང་། སྤྱི་ཚོགས་དམངས་གཙོ་ཏང་(སྤྱི་དམངས་ཏང་)གི་འདེམས་ཤོག་ཐོབ་ཚད་ནི20.8%ཡིན་ཞིང་། ཨང་གཉིས་པ་རེད།

འཇར་མན་ལ་མནའ་འབྲེལ་མངའ་སྡེ16ཡོད་པར་མི་འབོར་གྲངས་ཚད་ལ་གཞིགས་ཏེ་འདེམས་ཁུལ299བགོས་པ་དང་། མི་གྲངས་ཁྲི6100ལྷག་ལ་འདེམས་ཤོག་འཕེན་དབང་ཡོད་པ་རེད། ཐེངས་འདིའི་འདེམས་བསྐོའི་འདེམས་ཤོག་འཕེན་ཚད་ནི75%ཡིན་ཞིང་། ཐེངས་གོང་མའི་འདེམས་བསྐོ་ཆེན་མོ་བྱེད་སྐབས71.5%ཡིན་པ་ལས་མཐོ་བ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།