ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་རག་སྲིད་གཞུང་གིས་ཁུའུ་ཨར་ཏི་རང་སྐྱོང་ས་ཁུལ་ལ་བཀག་སྡོམ་བྱེད་ཐབས་གསར་བ་ལག་བསྟར་བྱེད་རྒྱུ་ཁྱབ་སྒྲོག་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-10-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  དབྱི་རག་སྲིད་གཞུང་གིས་ཚེས་དགུའི་ཉིན་དབྱི་རག་གི་ཁུའུ་ཨར་ཏི་རང་སྐྱོང་ས་ཁུལ་ལ་བཀག་སྡོམ་བྱེད་ཐབས་གསར་བ་སྐོར་ཞིག་ལག་བསྟར་བྱེད་རྒྱུ་ཁྱབ་སྒྲོག་བྱས།

དབྱི་རག་གི་ཙུང་ལིའི་གཞུང་སྒྲུབ་ཁང་གིས་གསལ་སྒྲོག་ནང་བཤད་རྒྱུར། དབྱི་རག་རྒྱལ་ཁབ་བདེ་འཇགས་ཨུ་ཡོན་ལྷན་ཁང་གིས་ཉིན་དེར་བཏོན་པའི་ཁུའུ་ཨར་ཏི་རང་སྐྱོང་ས་ཁུལ་ལ་དམིགས་པའི་བྱེད་ཐབས་གསར་བ་རབ་དང་རིམ་པ་བཏོན་ཡོད་ཅིང་། དེའི་ནང་གལ་ཆེ་བའི་ནང་དོན་ནི་ཁུའུ་ཨར་ཏི་རང་སྐྱོང་ས་ཁུལ་དུ་བཙུགས་ཡོད་པའི་སྤོ་སྒུལ་འཕྲིན་གཏོང་ཀུང་ཟིའི་དོ་དམ་དབང་ཆ་ཀྲུང་དབྱང་སྲིད་གཞུང་གིས་ཕྱིར་བསྡུ་རྒྱུ་ཡིན་པར་མ་ཟད། ཀུང་ཟིའི་སྤྱི་ཁྱབ་པུའུ་དེ་རྒྱལ་ས་པཱ་ཀི་ཏཱ་རུ་སྤོར་རྒྱུའི་རེ་བ་བཏོན་ཡོད་ཟེར།

གསལ་སྒྲོག་ལས་ཡང་བསྐྱར་དབྱི་ལིང་དང་ཐུར་ཁེས་དབྱི་རག་གི་ཁུའུ་ཨར་ཏི་རང་སྐྱོང་ས་ཁུལ་བར་གྱི་ཉོ་ཚོང་འགྲོ་འོང་ཚང་མ་མཚམས་འཇོག་དགོས་པ་དང་། ཁྱད་པར་དུ་རྡོ་སྣུམ་ཐོན་རྫས་ཀྱི་ཉོ་ཚོང་མཚམས་འཇོག་དགོས་པའི་འབོད་སྐུལ་བཏང་།


རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།