ཀྲུང་གོ་བོད་ཀྱི་དྲ་བ།

ཐུར་ཁེས་ཨ་མེ་རི་ཁའི་གཞུང་ཚབ་ཁང་གི་དཔོན་རིགས་བོས་ནས་གནས་སྤོར་སྡོད་དམངས་མ་ཡིན་པའི་ལམ་ཡིག་སྟེར་མཚམས་བཞག

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-10-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  གཟའ་འཁོར་གཅིག་གི་ནང་ཐུར་ཁེ་དང་ཨ་མེ་རི་ཁའི་འབྲེལ་བ་སྔར་ལས་ཛ་དྲག་ཏུ་གྱུར། ཐུར་ཁེའི་ཕྱི་འབྲེལ་པུའུ་ཡི་འབྲེལ་ཡོད་མི་སྣས་ཚེས་དགུའི་ཉིན་བཤད་རྒྱུར། ཐུར་ཁེའི་ཕྱོགས་ཀྱིས་ཨ་མེ་རི་ཁས་ཐུར་ཁེའི་སྤྱི་དམངས་ལ་གནས་སྤོར་སྡོད་དམངས་མ་ཡིན་པའི་ལམ་ཡིག་སྟེར་མཚམས་བཞག་པའི་ཆོད་དོན་རྩིས་མེད་དུ་གཏོང་དགོས་པའི་རེ་བ་བཏོན། ཉིན་དེར་ཐུར་ཁེའི་ཕྱི་འབྲེལ་པུའུ་ཡིས་ཐུར་ཁེ་རུ་སྡོད་པའི་ཨ་མེ་རི་ཁའི་གཞུང་ཚབ་ཁང་གི་འབྲེལ་ཡོད་མི་སྣར་ཐུག་འཕྲད་བྱས། ཐུར་ཁེའི་ཨ་ནཱ་ཏའོ་ལུའུ་འཕྲིན་གཏོང་ཁང་གིས་བསྒྲགས་པ་ལྟར་ན། ཐུར་ཁེའི་ཕྱོགས་ཀྱིས་མུ་མཐུད་དུ་ངོ་རྒོལ་གྱི་རྣམ་འགྱུར་བཟུང་ཡོད་པ་དང་། ཚེས་དགུའི་ཉིན་ཨ་མེ་རི་ཁའི་གཞུང་ཚབ་ཁང་དུ་བྱ་བ་གཉེར་བཞིན་པའི་ཐུར་ཁེའི་སྐྱེས་པ་གཞན་ཞིག་འཛིན་བཟུང་བྱེད་པའི་བཀའ་རྒྱ་བཏང་། སྔ་ཉིན་ཨ་མེ་རི་ཁ་དང་ཐུར་ཁེ་རྒྱལ་ཁབ་གཉིས་ཀྱིས་སྔ་གཞུག་ཏུ་ཕ་རོལ་བའི་སྤྱི་དམངས་ཀྱི་གནས་སྤོར་སྡོད་དམངས་མ་ཡིན་པའི་ལམ་ཡིག་སྟེར་མཚམས་འཇོག་རྒྱུ་ཁྱབ་སྒྲོག་བྱས། ཕྱེད་གླིང་བརྙན་འཕྲིན་ཁང་གིས་བསྒྲགས་པ་ལྟར་ན། ཐུར་ཁེའི་ཙུང་ཐུང་ཨེ་ཨར་ཏའོ་ཨན་གྱིས་ཟླ་ལྔ་བར་ཨ་མེ་རི་ཁར་འཚམས་འདྲི་བྱེད་སྐབས་ཨ་མེ་རི་ཁའི་ཙུང་ཐུང་ཐི་ལིང་ཕུའུ་དང་མཉམ་དུ་མཛའ་མཐུན་འབྲེལ་བ་འཛུགས་རྒྱུ་བསྐྱར་སྒྲོག་བྱས་པ་དང་། ཨ་མེ་རི་ཁས་ཀྱང་ཐུར་ཁེ་རུ་ཡོད་པའི་བྱང་ཆིངས་རྩ་འཛུགས་ཀྱི་དམག་དོན་རྟེན་གཞི་བེད་སྤྱོད་བྱེད་བཞིན་ཡོད། དེ་བས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་ཇེ་སྡུག་ཏུ་སོང་ན་ཡོ་རོབ་གླིང་དང་དབུས་ཤར་ས་ཁུལ་ལ་ཤུགས་རྐྱེན་ཚབས་ཆེན་འབྱུང་ངེས་རེད་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།