ཀྲུང་གོ་བོད་ཀྱི་དྲ་བ།

སྔོན་དཔག་བྱས་ན་ཐེ་གོའི་ཙུང་ལི་ཡིས་སང་ལོའི་ཟླ་བཅུ་གཅིག་པར་འདེམ་བསྐོའི་བྱ་འགུལ་སྤེལ་རྒྱུ་རེད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-10-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཐེ་གོའི་ཙུང་ལི་པཱ་ཡུས་ཀྱིས་ཚེས་བཅུའི་ཉིན་ཙུང་ལིའི་བཞུགས་ཤག་ནས་བཤད་རྒྱུར། སྲིད་གཞུང་གིས་སང་ལོའི་ཟླ་དྲུག་པར་འདེམ་བསྐོའི་བྱ་འགུལ་སྤེལ་བའི་བྱེ་བྲག་གི་དུས་ཚོད་ཁྱབ་སྒྲོག་བྱེད་རྒྱུ་ཡིན་པ་དང་། ཚོད་དཔག་བྱས་ན་སང་ལོའི་ཟླ་བཅུ་གཅིག་པར་འདེམ་བསྐོའི་བྱ་འགུལ་སྤེལ་རྒྱུ་ཡིན་ཟེར།

པཱ་ཡུས་ཀྱིས་ཉིན་དེར་རྒྱུན་ལྡན་གྱི་ནེ་ཀིའི་གྲོས་ཚོགས་གྲོལ་རྗེས་གསར་འགྱུར་ལས་རིགས་ལ་བཤད་རྒྱུར། དེས་སྲིད་གཞུང་གིས་བཙུགས་པའི་དམངས་ཀྱིས་འདེམས་པའི་ལམ་ཐིག་འཆར་ཟིན་དང་གཅིག་མཚུངས་ཡོང་དགོས་ཟེར།

ཐེ་གོའི་རྒྱལ་ཡོངས་ཀྱི་ཞི་བདེའི་ལམ་ལུགས་སྲུང་འཛིན་བྱེད་པའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་པཱ་ཡུས་ཀྱིས་ད་རུང་བཤད་རྒྱུར། ཨུ་ཡོན་ལྷན་ཁང་དེས་རྩ་ཁྲིམས་ཀྱི་ཡན་ལག་ཏུ་གྱུར་བའི་སྲིད་ཏང་བཅའ་ཁྲིམས་ཡིན་པའི་ཆ་ནས། ཟླ་འདིའི་ཚེས་བརྒྱད་ཉིན་ནས་བཟུང་ལག་བསྟར་བྱེད་མགོ་བརྩམས་པ་དང་། ཨུ་ཡོན་ལྷན་ཁང་གིས་འོས་ཤིང་འཚམ་པའི་དུས་སུ་སྲིད་ཏང་གི་ཆབ་སྲིད་བྱ་འགུལ་གྱི་བཀག་རྒྱ་མེད་པར་གཏོང་རྒྱུ་ཡིན་ཟེར།

ཐེ་གོའི་ཏང་གིས་སྲིད་གཞུང་གིས་མྱུར་མོར་སྲིད་ཏང་བྱ་འགུལ་གྱི་བཀག་རྒྱ་དེ་མེད་པར་གཏོང་བའི་འབོད་སྐུལ་བཏང་བར་དམིགས་ནས། པཱ་ཡུས་ཀྱིས་མིག་སྔར་ཐེ་གོ་རྒྱལ་ཁབ་དེ་མྱ་ངན་གྱི་དུས་སྐབས་སུ་གནས་པ་རྒྱུ་མཚན་དུ་བྱས་ཏེ། མི་སྒེར་དང་ཆབ་སྲིད་པ། སྲིད་ཏང་བཅས་ཀྱིས་རང་ཚོད་འཛིན་དགོས་ལ། ལག་ལེན་དུ་བསྟར་བར་བྲེལ་མི་རུང་བའི་རེ་བ་བཏོན།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།