ཀྲུང་གོ་བོད་ཀྱི་དྲ་བ།

པུ་ལུང་ཏིས་ནས་སྣུམ་འདྲུད་རླངས་འཁོར་ཞིག་འགས་གཏོར་བྱུང་སྟེ་ཉུང་མཐར་ཡང་མི་ལྔ་བཅུར་རྨས་ཕོག

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-10-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  པུ་ལུང་ཏིས་ཀྱི་ཉེན་རྟོག་ཕྱོགས་ཀྱིས་ཚེས་བཅུ་གཅིག་ཉིན་བཤད་རྒྱུར། སྣུམ་འདྲུད་རླངས་འཁོར་ཞིག་ཚེས་བཅུ་ཉིན་པུ་ལུང་ཏིས་དབུས་ཕྱོགས་ཀྱི་ཁཱ་ལུའུ་ཆི་ཞིང་ཆེན་ནས་འགས་གཏོར་བྱུང་བ་དང་། དེ་ལས་ཉུང་མཐར་ཡང་མི་ལྔ་བཅུར་རྨས་ཕོག་ཡོད་ལ། དེའི་ནང་མི་བཅོ་ལྔའི་རྨས་སྐྱོན་ཚབས་ཆེན་རེད་ཟེར།

པུ་ལུང་ཏིས་ཀྱི་ཉེན་རྟོག་པའི་མགྲིན་ཚབ་པ་ཨིན་ཁུའུ་ལི་ཆི་ཡེ་ཡིས་བཤད་རྒྱུར། སྣུམ་འདྲུད་རླངས་འཁོར་དེ་ཚེས་བཅུ་ཉིན་གྱི་སྔ་དྲོར་ཁཱ་ལུའུ་ཆི་ཞིང་ཆེན་ལྷོ་ནུབ་ཕྱོགས་ཀྱི་གཞུང་ལམ་སྟེང་ལོག་པ་དང་། ས་དེའི་སྡོད་དམངས་མང་བོས་རླངས་འཁོར་སྟེང་གི་འབར་སྣུམ་ལེན་པའི་སྐབས་སུ་སྣུམ་འདྲུད་རླངས་འཁོར་དེར་འགས་གཏོར་བྱུང་ནས་མེར་འབར་བ་རེད་ཟེར།

ཨིན་ཁུའུ་ལི་ཆི་ཡེ་ཡིས་བཤད་རྒྱུར། དོན་རྐྱེན་དེ་ལས་མི་ལྔ་བཅུར་རྨས་ཕོག་པ་དང་། དེའི་ནང་མི་བཅོ་ལྔའི་རྨས་སྐྱོན་ཅུང་ཚབས་ཆེན་རེད། རྨས་མ་དག་སྨན་ཁང་དུ་བསྐྱལ་ནས་གསོ་བཅོས་བྱེད་བཞིན་ཡོད་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།