ཀྲུང་གོ་བོད་ཀྱི་དྲ་བ།

སྐོར་ཐེངས་དྲུག་པའི་ཡོ་རོབ་གླིང་མནའ་འབྲེལ་དང་འབྲལ་བའི་གྲོས་མོལ་ལ་གྲུབ་འབྲས་ཅི་ཡང་མ་བྱུང་བར་མཇུག་སྒྲིལ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-11-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཡོ་རོབ་གླིང་མནའ་འབྲེལ་དང་དབྱིན་ཇིས་ཚེས་བཅུའི་ཉིན་པུའུ་ལུའུ་སེར་ནས་སྐོར་ཐེངས་དྲུག་པའི་ཡོ་རོབ་གླིང་མནའ་འབྲེལ་དང་འབྲལ་བའི་གྲོས་མོལ་མཇུག་སྒྲིལ་བ་དང་། ཕྱོགས་གཉིས་ཀྱི་གྲོས་མོལ་ལ་ཡང་བསྐྱར་གྲུབ་འབྲས་ཅི་ཡང་མ་བྱུང་བར་མཇུག་སྒྲིལ་བ་རེད། གྲོས་ཚོགས་གྲོལ་རྗེས་ཡོ་རོབ་གླིང་མནའ་འབྲེལ་གྱིས་དབྱིན་ཇིས་གཟའ་འཁོར་གཉིས་ཀྱི་ནང་འགུལ་སྐྱོད་སྤེལ་ན་ད་གཟོད་ཛ་དྲག་གི་གནས་བབ་ཞི་འཇགས་སུ་བཏང་སྟེ། དུས་རིམ་གཉིས་པའི་དཔལ་འབྱོར་ཉོ་ཚོང་གི་གྲོས་མོལ་ལ་ཞུགས་ཐུབ་ཟེར།

ཚེས་བཅུ་ཉིན་གྱི་ཉིན་གུང་ཚོགས་ཡུན་ཉིན་གཉིས་ཀྱི་གྲོས་མོལ་མཇུག་སྒྲིལ་རྗེས། ཡོ་རོབ་གླིང་མནའ་འབྲེལ་གྱི་དབུ་བཞུགས་གྲོས་མོལ་འཐུས་མི་པཱ་ནེ་ཡེ་དང་དབྱིན་ཇིའི་ཡོ་རོབ་གླིང་མནའ་འབྲེལ་དང་འབྲལ་བའི་ལས་དོན་གྱི་བློན་ཆེན་ཏའེ་ཝེ་སི་གཉིས་ཀྱིས་མཉམ་དུ་གསར་འགོད་པར་ཐུག་འཕྲད་བྱས། པཱ་ནེ་ཡེ་ཡིས་ང་ཚོས་སྤྱི་སྒྲོག་དང་ཆོད་དོན་གང་རུང་སྤེལ་བར་རེ་བ་བྱེད་མི་རུང་བ་གསལ་བོར་བཤད།

ཁ་འབྲལ་བའི་གྲོན་དངུལ་ཐད་ནས་ཏའེ་ཝེ་སི་ཡིས་དབྱིན་ཇིའི་དབུ་བཞུགས་བློན་ཆེན་ཐི་ལོས་ཧྲ་མཱེ་ཡིས་ཟླ་དགུ་བར་ཧྥོ་ལོ་ལོན་སཱ་ནས་གཏམ་བཤད་སྤེལ་སྐབས་དབྱིན་ཇི་ཉིས་སྟོང་བཅུ་དགུ་ལོའི་ཟླ་གསུམ་པར་ཡོ་རོབ་གླིང་མནའ་འབྲེལ་དང་བྲལ་རྗེས། ལོ་གཉིས་ཀྱི་བར་བརྒལ་དུས་ཡུན་ནང་དབྱིན་ཇིས་ཡོ་རོབ་གླིང་མནའ་འབྲེལ་ལ་ཡོ་སྒོར་ཐེར་ཆེན་གཉིས་ཕམ་སྟེར་རྒྱུ་ཁས་ལེན་བྱས་ཡོད་པ་བསྐྱར་སྒྲོག་བྱས།

ཡོ་རོབ་གླིང་མནའ་འབྲེལ་གྱིས་དོན་དེར་བསམ་འཆར་བཟུང་ཡོད་པ་དང་། དབྱིན་ཇིས་ཉུང་མཐར་ཡང་ཡོ་སྒོར་ཐེར་ཆེན་དྲུག་སྟེར་དགོས་ལ། དབྱིན་ཇི་ཡིས་དངུལ་གཏོང་དམ་བཅའ་དངོས་སུ་ལག་བསྟར་བྱས་ན། ཕྱོགས་གཉིས་ཀྱིས་ད་གཟོད་ཡོ་རོབ་གླིང་མནའ་འབྲེལ་དང་འབྲེལ་བའི་གྲོས་མཐུན་འགོད་དགོས་ཟེར།

སྤྱི་དམངས་ཀྱི་ཁེ་དབང་གནད་དོན་ཐད་ནས། པཱ་ནེ་ཡེ་ཡིས་ཉེ་སྔོན་གྱི་འགལ་བ་དེ་ཕྱོགས་གསུམ་ལ་འདུས་ཡོད་དེ། གཅིག་ནི་ཁྱིམ་ཚང་གི་ལྷན་འཛོམས་གནད་དོན་ཡིན་པ་དང་། གཉིས་ནི་སྤྱི་ཚོགས་འགན་སྲུང་སྤོ་བསྒྱུར་གནད་དོན། གསུམ་ནི་ཡོ་རོབ་གླིང་མནའ་འབྲེལ་དང་བྲལ་རྗེས་ཀྱི་ཡོ་རོབ་གླིང་གི་ཁྲིམས་ཁང་གིས་སྔར་བཞིན་དབྱིན་ཇིར་ཕན་ནུས་ལྡན་མིན་གནད་དོན་བཅས་རེད།  །

 

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།