ཀྲུང་གོ་བོད་ཀྱི་དྲ་བ།

ཡོ་ནན་དང་ཨ་མེ་རི་ཁས་དཔལ་འབྱོར་ཉོ་ཚོང་དང་བདེ་འཇགས་མཉམ་ལས་གཏིང་ཟབ་ཏུ་སྤེལ་རྒྱུའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-11-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཡོ་ནན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཁྲིན་ཏཱ་ཀོང་གིས་ཚེས་བཅུ་གཉིས་ཉིན་ཧི་ནེ་ནས་འཚམས་འདྲིར་ཡོང་བའི་ཨ་མེ་རི་ཁའི་ཙུང་ཐུང་ཐི་ལིང་ཕུའུ་དང་གྲོས་མོལ་བྱས། ཕྱོགས་གཉིས་ཀྱིས་རྒྱལ་ཁབ་གཉིས་ཀྱི་དཔལ་འབྱོར་ཉོ་ཚོང་དང་བདེ་འཇགས་མཉམ་ལས་གཏིང་ཟབ་ཏུ་སྤེལ་རྒྱུའི་ཚུལ་བསྟན།

ཨ་མེ་རི་ཁས་སྤེལ་བའི་མཉམ་འབྲེལ་གསལ་སྒྲོག་ལྟར་ན། རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པས་ཧིན་རྡུ་རྒྱ་མཚོ་དང་ཞི་བདེ་རྒྱ་མཚོ་ས་ཁུལ་གྱི་ཞི་བདེ་དང་གཏན་འཇགས། འཕེལ་རྒྱས་བཅས་ལ་སྲུང་སྐྱོབ་བྱེད་པའི་གྲོས་འདོན་སྣ་ཚོགས་ལ་གྲོས་བསྡུར་བྱས། ཕྱོགས་གཉིས་ཀྱིས་ད་ཡོད་ཀྱི་མཉམ་ལས་རྐྱེན་སྲོལ་སྲ་བརྟན་དུ་བཏང་སྟེ། མུ་མཐུད་དུ་མཐོ་རིམ་འབྲེལ་འདྲིས་དང་འཐུས་ཚབ་ཚོགས་པས་ཕན་ཚུན་འཚམས་འདྲི་བྱེད་པར་ཡར་སྐུལ་གཏོང་རྒྱུའི་ཚུལ་བསྟན།

རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པས་ཚད་ལྡན་གྱི་ཐབས་ལ་བརྟེན་ནས་ཕྱོགས་གཉིས་ཀྱི་ཉོ་ཚོང་དངུལ་གཏོང་འབྲེལ་བ་ཇེ་ཟབ་ཏུ་གཏོང་བར་ཡིད་འཐད་བྱུང་བར་མ་ཟད། སྤྱིའི་འབོར་གྲངས་མེ་སྒོར་ཐེར་ཆེན་གཅིག་དང་ཐེར་འབུམ་གཉིས་ཡིན་པའི་དཔལ་འབྱོར་ཉོ་ཚོང་མཉམ་ལས་གྲོས་མཐུན་བཀོད།

རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པས་ནན་གྱིས་བསྟན་དོན། བདེ་འཇགས་དང་བརྡ་འཕྲིན་ཁྱབ་ཁོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་སྤེལ་བ་དང་རྒྱ་བསྐྱེད་རྒྱུ་ཡིན་པ་དང་། ཕྱོགས་གཉིས་ཀྱིས་ཐུན་མོང་དུ་སེམས་ཁུར་བྱེད་པའི་ཁྱབ་ཁོངས་སུ་བརྡ་འཕྲིན་མཉམ་སྤྱོད་དང་མཉམ་འབྲེལ་སྦྱོང་བརྡར་ཤུགས་སྣོན་བྱེད་རྒྱུ་ཡིན་ཟེར།

ཐི་ལིང་ཕུའུ་ཡིས་ཡོ་ནན་གྱི་གདན་ཞུས་ལྟར། ཟླ་བཅུ་གཅིག་པའི་ཚེས་བཅུ་གཅིག་ཉིན་ནས་ཚེས་བཅུ་གཉིས་ཉིན་བར་ཡོ་ནན་ལ་རྒྱལ་དོན་འཚམས་འདྲི་བྱས་པ་རེད།  །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།