ཀྲུང་གོ་བོད་ཀྱི་དྲ་བ།

ཅིར་ཅི་སི་སི་ཐན་གྱིས་ཧཱ་སག་སི་ཐན་གྱི་རོགས་སྐྱོར་དང་ལེན་བྱེད་པའི་གྲོས་མཐུན་ལག་བསྟར་བྱེད་མཚམས་བཞག

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-11-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཅིར་ཅི་སི་སི་ཐན་གྱི་ཙུང་ཐུང་གསར་འགྱུར་ཁང་གིས་ཚེས་བཅུ་དྲུག་ཉིན་གསལ་སྒྲོག་སྤེལ་ཏེ། ཙུང་ཐུང་ཨ་ཐན་པཱ་ཡེ་ཧྥུའུ་ཡིས་ཉིན་དེར་བཅའ་ཁྲིམས་བཀའ་རྒྱ་བཀོད་དེ། ཧཱ་སག་སི་ཐན་གྱི་མེ་སྒོར་དུང་ཕྱུར་གཅིག་གི་རོགས་སྐྱོར་དང་ལེན་བྱེད་པའི་གྲོས་མཐུན་མཚམས་འཇོག་ཏུ་བཅུག

ཅིར་ཅི་སི་སི་ཐན་དང་ཧཱ་སག་སི་ཐན་རྒྱལ་ཁབ་གཉིས་ཀྱི་ཡོ་རོབ་གླིང་དང་ཨེ་ཤ་ཡཱའི་དཔལ་འབྱོར་གཞི་གཅིག་ཅན་གྱི་སྒྲོམ་གཞིའི་འོག་དཔལ་འབྱོར་འཕེལ་རྒྱས་མཉམ་ལས་ཀྱི་སྲིད་གཞུང་བར་གྱི་གྲོས་མཐུན་དེ་ཉིས་སྟོང་བཅུ་དྲུག་ལོའི་ཟླ་བཅུ་གཉིས་པའི་ཚེས་ཉེར་དྲུག་ཉིན་དངོས་སུ་བཀོད་པ་རེད། གྲོས་མཐུན་ལྟར་ན། ཧཱ་སག་སི་ཐན་གྱིས་ཅིར་ཅི་སི་སི་ཐན་ཡོ་རོབ་གླིང་དང་ཨེ་ཤ་ཡཱའི་དཔལ་འབྱོར་མནའ་འབྲེལ་གྱི་འཕེལ་རིམ་ནང་ཞུགས་པར་ཡར་སྐུལ་གཏོང་རྒྱུ་ཡིན་པ་དང་། གྲོས་མཐུན་དེ་ནུས་ལྡན་དུ་གྱུར་རྗེས་ཀྱི་ལོ་གཅིག་གི་ནང་ཅིར་ཅི་སི་སི་ཐན་ལ་མེ་སྒོར་དུང་ཕྱུར་གཅིག་གི་སྐྱིན་ཚབ་མེད་པའི་རོགས་སྐྱོར་འདོན་སྤྲོད་བྱེད་རྒྱུ་ཡིན་ཟེར།

ཅིར་སི་སི་ཐན་གྱིས་བསྟན་དོན། ད་ལྟའི་བར་ཧཱ་སག་སི་ཐན་ཕྱོགས་ཀྱི་རོགས་སྐྱོར་མ་དངུལ་ཅི་ཡང་འབྱོར་མེད་ཟེར།

ཧཱ་སག་སི་ཐན་དང་ཅིར་ཅི་སི་སི་ཐན་རྒྱལ་ཁབ་གཉིས་ཀྱི་འབྲེལ་བར་ཉེ་སྔོན་གནད་དོན་བྱུང་བ་དང་། དེའི་འབྱུང་རྐྱེན་ནི་ཧཱ་སག་སི་ཐན་གྱི་ཙུང་ཐུང་ནཱ་ཀྲ་ཨར་པཱ་ཡེ་ཧྥུའུ་ཡིས་ཅིར་ཅི་སི་སི་ཐན་གྱི་ཙུང་ཐུང་འདེམ་བསྐོའི་སྔོན་ལ་ཅིར་ཅི་སི་སི་ཐན་གྱི་ངོ་རྒོལ་ཕྱོགས་ཁག་གི་ཙུང་ཐུང་འདེམ་སྒུག་མི་སྣ་པཱ་པཱ་ནོའུ་ཧྥུའུ་ལ་ཐུག་འཕྲད་བྱས་པས་རེད། ཅིར་ཅི་སི་ཐན་གྱི་ཙུང་ཐུང་ཨ་ཐན་པཱ་ཡེ་ཧྥུའུ་ཡིས་དེའི་རྗེས་སུ་ཧཱ་སག་སི་ཐན་གྱིས་ཅིར་ཅི་སི་སི་ཐན་གྱི་ནང་སྲིད་ལ་ཐེ་གཏོགས་བྱེད་པར་སྐྱོན་འཛུགས་བྱས། དེའི་རྗེས་སུ་ཧཱ་སག་སི་ཐན་གྱིས་ཟླ་བཅུ་བའི་ཚེས་བཅུའི་ཉིན་གློ་བུར་དུ་ཧཱ་སག་སི་ཐན་དང་ཅིར་ཅི་སི་སི་ཐན་གྱི་མཐའ་སྲུང་དོ་དམ་ལ་ཤུགས་སྣོན་བྱས་ཏེ། རླངས་འཁོར་དང་མི་སྣའི་འཚང་ཁ་ཇེ་ཆེར་སོང་བ་རེད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།