ཀྲུང་གོ་བོད་ཀྱི་དྲ་བ།

ཐན་ཙན་ནི་ཡཱའི་གནམ་གྲུ་ཆུང་བ་ཞིག་སར་ལྷུང་ནས་མི་བཅུ་གཅིག་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-11-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཐན་ཙན་ནི་ཡཱའི་བྱང་ཕྱོགས་ས་ཁུལ་ནས་ཚེས་བཅོ་ལྔ་ཉིན་གནམ་གྲུ་ཆུང་བ་ཞིག་སར་ལྷུང་བའི་དོན་རྐྱེན་བྱུང་སྟེ། གནམ་གྲུའི་སྟེང་གི་མི་བཅུ་གཅིག་པོ་ཚང་མ་རྐྱེན་ལམ་དུ་ཤོར། ཐན་ཙན་ནི་ཡཱའི་མཚོ་འགྲམ་མཁའ་འགྲུལ་ཀུང་ཟིས་ཚེས་བཅོ་ལྔ་ཉིན་གསལ་སྒྲོག་སྤེལ་ཏེ། ཉིན་དེའི་སྔ་དྲོའི་དུས་ཚོད་བཅུ་གཅིག་ཡས་མས་སུ། ཀུང་ཟི་དེའི་སེ་སི་ནཱ5H-EGGརྟགས་ཅན་གྱི་གནམ་གྲུ་ཆུང་བ་ཞིག་ཐན་ཙན་ནི་ཡཱའི་ཨ་ལུའུ་ཧྲ་ནས་སེ་ལོན་ཀའེ་ཏིས་རྒྱལ་ཁབ་སྤྱི་གླིང་དུ་འཕུར་བའི་ལམ་བར་ནས་སར་ལྷུང་བ་རེད་ཟེར། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།