ཀྲུང་གོ་བོད་ཀྱི་དྲ་བ།

སི་རི་ཡཱའི་སྲིད་གཞུང་དམག་དཔུང་གིས་ཡང་བསྐྱར་ཨ་པུའུ་ཁཱ་མེད་ལེ་གྲོང་ཁྱེར་ཕྱོགས་ཡོངས་ནས་འཕྲོག་ལེན་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-11-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  སི་རི་ཡཱའི་གསར་འགྱུར་ལས་རིགས་ཀྱིས་ཚེས་བཅུ་དགུའི་ཉིན་བསྒྲགས་པ་ལྟར་ན། སི་རི་ཡཱའི་སྲིད་གཞུང་དམག་དཔུང་གིས་ཉིན་དེར་ཡང་བསྐྱར་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་ལག་ནས་སི་རི་ཡཱའི་ཤར་ཕྱོགས་ཀྱི་ཨ་པུའུ་ཁཱ་མེད་ལེ་གྲོང་ཁྱེར་ཕྱོགས་ཡོངས་ནས་འཕྲོག་ལེན་བྱས།

སི་རི་ཡཱའི་འཕྲིན་གཏོང་ཁང་གིས་བསྒྲགས་པ་ལྟར་ན། སི་རི་ཡཱའི་སྲིད་གཞུང་དམག་དཔུང་དང་དེའི་མནའ་མཐུན་གྱིས་ཉིན་དེར་ཨ་པུའུ་ཁཱ་མེད་ལེ་རུ་སྦས་སྐོང་བྱེད་པའི་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་བར་འཁྲུག་རྩོད་དྲག་པོ་བྱས་རྗེས། མཇུག་མཐར་གྲོང་ཁྱེར་དེ་ཡོངས་སུ་འཕྲོག་ལེན་བྱས། དམག་ཕྱོགས་ཀྱིས་བཤད་རྒྱུར། ཨ་པུའུ་ཁཱ་མེད་ལེ་གྲོང་ཁྱེར་དུ་མིག་སྔར་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་མི་གཅིག་ཀྱང་མེད་པ་དང་། འགད་རྫས་འགས་གཏོར་བྱེད་མཁན་གྱིས་དྲག་ཆས་ཉེས་ཅན་གྱིས་སྦས་པའི་ས་འོག་འགད་རྫས་སོགས་གཏོར་ལེན་བྱེད་བཞིན་ཡོད་ཟེར།

སི་རི་ཡཱའི་དམག་ཕྱོགས་ཀྱིས་ཚེས་དགུའི་ཉིན་ཨ་པུའུ་ཁཱ་མེད་ལེ་གྲོང་ཁྱེར་བཅིངས་འགྲོལ་བཏང་བ་ཁྱབ་སྒྲོག་བྱས་ཀྱང་། དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱིས་དེའི་རྗེས་སུ་དཔུང་འཇུག་བྱས་ཏེ། ཡང་བསྐྱར་ཨ་པུའུ་ཁཱ་མེད་ལེ་བཙན་བཟུང་བྱས་པ་དང་། ཉེ་སྔོན་སྔར་བཞིན་རྒོལ་ལན་དྲག་པོ་སྤྲོད་བཞིན་ཡོད་ལ། གཞན་ལ་ཤོར་བའི་ས་ཁོངས་དེ་གཏན་སྲུང་བྱེད་རྩིས་ཡོད།

ཨ་པུའུ་ཁཱ་མེད་ལེ་ནི་སི་རི་ཡཱའི་ཤར་ཕྱོགས་ཀྱི་ཏའེ་ཨར་ཙུའུ་ཨར་ཞིང་ཆེན་ཤར་ལྷོའི་ཕྱོགས་སུ་ཡོད་པ་དང་། དབྱི་རག་གི་མཐའ་མཚམས་དང་བར་ཐག་ཉེ། དེ་ནི་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་ཏའེ་ཨར་ཙུའུ་ཨར་ཞིང་ཆེན་གྱི་སྦས་སྐོང་བྱེད་ས་གཙོ་བོ་ཡིན། ཨ་པུའུ་ཁཱ་མེད་ལེ་གྲོང་ཁྱེར་ཕྱིར་འཕྲོག་ལེན་བྱས་རྗེས། དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ལ་སི་རི་ཡཱའི་མངའ་ཁོངས་སུ་སྦས་སྐོང་བྱེད་ས་ཅུང་ཙམ་ལས་མེད།

གཞན་ཡང་སི་རི་ཡཱའི་གསར་འགྱུར་ལས་རིགས་ཀྱིས་ཚེས་བཅུ་དགུའི་ཉིན་བསྒྲགས་པ་ལྟར་ན། དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱིས་བསྟུད་མར་ཉིན་འགའི་རིང་སི་རི་ཡཱའི་ཤར་ཕྱོགས་ཀྱི་ཨ་པུའུ་ཁཱ་མེད་ལེ་གྲོང་ཁྱེར་ནས་སྲིད་གཞུང་དམག་དཔུང་བར་འཁྲུག་རྩོད་དྲག་པོ་བྱས་པ་དང་། མིག་སྔར་གྲོང་ཁྱེར་དེའི་བརྒྱ་ཆའི་ཉི་ཤུའི་ས་ཁོངས་ཀྱི་ཚོད་འཛིན་དབང་ཆ་རྩ་འཛུགས་དེས་བཟུང་ཡོད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།