ཀྲུང་གོ་བོད་ཀྱི་དྲ་བ།

ཨུ་རུ་སི་ཡིས་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་སི་རི་ཡཱའི་དྲག་ཆས་འཇབ་རྒོལ་དོན་རྐྱེན་ལ་རྟོག་ཞིབ་བྱེད་པའི་རྐྱེན་སྲོལ་གསར་བ་འཛུགས་པའི་སྐུལ་མ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-11-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་དུ་སྡོད་པའི་འཐུས་མི་ནེ་པེན་ཅཱ་ཡིས་ཚེས་ཉེར་གཉིས་ཉིན་བཤད་རྒྱུར། སི་རི་ཡཱའི་མངའ་ཁོངས་ཀྱི་རྫས་འགྱུར་མཚོན་ཆའི་འཇབ་རྒོལ་ལ་རྟོག་ཞིབ་བྱེད་པའི་འགན་ཁུར་བའི་མཉམ་འབྲེལ་རྟོག་ཞིབ་རྐྱེན་སྲོལ་གྱི་འགན་ཡུན་ལོངས་ཡོད་པ་དང་། ཨུ་རུ་སིའི་ཕྱོགས་ཀྱིས་དྲང་བདེན་དང་འདྲ་མཉམ་གྱི་རྐྱེན་སྲོལ་གསར་བ་ཞིག་འཛུགས་པར་གྲོས་བསྡུར་བྱེད་འདོད་ཡོད་ཟེར།

ནེ་པེན་ཅཱ་ཡིས་ཉིན་དེར་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་གསང་བའི་གྲོས་མོལ་ལ་ཞུགས་རྗེས་གསར་འགྱུར་ལས་རིགས་ལ་བཤད་རྒྱུར། མཉམ་འབྲེལ་རྟོག་ཞིབ་རྐྱེན་སྲོལ་གྱི་དབང་དྲག་དང་ཡིད་ཆེས་ཉམས་ཡོད་པ་དང་། ད་ལྟའི་རྣམ་པས་མུ་མཐུད་དུ་བྱ་བ་བསྒྲུབ་ཐབས་མེད་པས། ང་ཚོས་རྐྱེན་སྲོལ་གསར་བ་ཞིག་འཛུགས་པར་གྲོས་བསྡུར་བྱེད་པར་གྲ་སྒྲིག་བྱས་ཡོད་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།