ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་དྲག་ཆས་ཉེས་ཅན་བཅུ་གསུམ་ཨ་ཧྥུའུ་ཧན་ཤར་ཕྱོགས་ས་ཁུལ་ནས་བསད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-11-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་ཧྥུའུ་ཧན་གསར་འགྱུར་ལས་རིགས་ཀྱིས་ཚེས་ཉེར་ལྔ་ཉིན་བསྒྲགས་པ་ལྟར་ན། ཨ་ཧྥུའུ་ཧན་དུ་སྡོད་པའི་ཨ་མེ་རི་ཁའི་དམག་དཔུང་གིས་ཉེ་སྔོན་རྒྱལ་ཁབ་དེའི་ཤར་ཕྱོགས་ཀྱི་ནན་ཀི་ཧཱ་ཨར་ཞིང་ཆེན་ནས་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་སྦས་སྐོང་བྱེད་སར་ཡང་བསྐྱར་བར་སྣང་འཇབ་རྒོལ་བྱས་ཏེ། ཉུང་མཐར་ཡང་རྩ་འཛུགས་དེའི་དྲག་ཆས་ཉེས་ཅན་བཅུ་གསུམ་བསད་ཡོད་ཟེར།

ཨ་ཧྥུའུ་ཧན་གྱི་ཧཱ་མཱ་གསར་འགྱུར་ཁང་གིས་བསྒྲགས་པ་ལྟར་ན། ཐེངས་འདིའི་བར་སྣང་འཇབ་རྒོལ་བྱེད་ས་ནི་ནན་ཀི་ཧཱ་ཞིང་ཆེན་གྱི་ལྷོ་ཕྱོགས་ས་ཁུལ་ཡིན་པ་དང་། ཆམ་ཕབ་གཏོང་སའི་དམིགས་ཡུལ་ནི་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་སྦས་སྐོང་བྱེད་ས་རེད་ཟེར།

བསྒྲགས་པ་ལྟར་ན། ཐེངས་འདིའི་འགུལ་སྐྱོད་ནི་མི་བསྡད་མེད་པའི་གནམ་གྲུས་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་སྦས་སྐོང་བྱེད་ས་གནད་སར་བཟུང་ནས་ཆམ་ཕབ་གཏོང་བ་རེད་ཟེར།

ཉིས་སྟོང་བཅོ་ལྔ་ལོའི་ཚུན་ལ། དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱིས་ཨ་ཧྥུའུ་ཧན་ཤར་ཕྱོགས་དང་བྱང་ཕྱོགས་སོགས་མཐའ་མཚམས་ས་ཁུལ་བདག་ཏུ་བཟུང་བ་དང་། ནན་ཀི་ཧཱ་ཞིང་ཆེན་དུ་འགུལ་སྐྱོད་བྱེད་ཚད་ཅུང་མང་། ད་ལོའི་ཟླ་བཞི་བའི་ཚེས་བཅུ་གསུམ་ཉིན། ཨ་ཧྥུའུ་ཧན་དུ་སྡོད་པའི་ཨ་མེ་རི་ཁའི་དམག་དཔུང་གིས་རྩ་འཛུགས་དེའི་ནན་ཀི་ཧཱ་ཨར་ཞིང་ཆེན་གྱི་ཨ་ཆན་ས་ཁུལ་དུ་ཡོད་པའི་དམིགས་འབེན་ལ་བར་སྣང་འགས་གཏོར་བཏང་སྟེ། དྲག་ཆས་ཉེས་ཅན་གོ་བཞི་བསད་པ་རེད།   །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།