ཀྲུང་གོ་བོད་ཀྱི་དྲ་བ།

འཇར་མན་གྱི་ཕྱི་འབྲེལ་བློན་ཆེན་གྱིས་ཨ་མེ་རི་ཁས་ཨུ་རུ་སིའི་བཀག་སྡོམ་མཚམས་བཞག་སྟེ་འཁྲུག་རྩོད་སྔར་ལས་ཇེ་སྡུག་ཏུ་འགྲོ་བར་སྔོན་འགོག་བྱེད་རྒྱུའི་སྐུལ་མ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-12-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  འཇར་མན་གྱི་ཕྱི་འབྲེལ་བློན་ཆེན་ཅཱ་པུའུ་ལི་ཨར་གྱིས་ཚེས་ཉེར་དགུའི་ཉིན་ཨུ་རུ་སིའི་བརྙན་འཕྲིན་ཁང་གི་བཅར་འདྲི་དང་ལེན་བྱེད་སྐབས་བཤད་རྒྱུར། ཨ་མེ་རི་ཁས་ཨུ་རུ་སིའི་བར་གྱི་འཁྲུག་རྩོད་སྔར་ལས་ཛ་དྲག་ཏུ་འགྱུར་བར་སྔོན་འགོག་བྱེད་དགོས་པ་དང་། འཇར་མན་དང་ཨ་མེ་རི་ཁའི་ལངས་ཕྱོགས་ཁ་ཁ་ཡིན་ལ། ཨུ་རུ་སིའི་བར་མཉམ་ལས་བྱེད་འདོད་ཡོད་ཟེར།

ཅཱ་པུའུ་ལི་ཨར་ཉིན་དེར་ཨུ་རུ་སིའི་ཧྲིན་པིས་ཏི་པའོ་ནས་ཨུ་རུ་སི་དང་འཇར་མན་གྱི་མ་བཅོས་རྒྱུ་ཆ་དང་ནུས་ཁུངས་སོགས་རང་བྱུང་ཐོན་ཁུངས་གླེང་སྟེགས་ལ་ཞུགས་རྒྱུ་ཡིན་ཟེར། ཁོས་བཤད་རྒྱུར། ཨ་མེ་རི་ཁའི་རྒྱལ་ནང་གི་ཨུ་རུ་སིར་འབྲེལ་བའི་སྲིད་ཇུས་དང་། ཁྱད་པར་དུ་ཨུ་རུ་སི་ལ་བཀག་སྡོམ་བྱེད་པའི་གྲོས་བསྡུར་ལས་ཨུ་རུ་སི་འི་བར་སྔར་ལས་ཛ་དྲག་ཆེ་བའི་འཁྲུག་རྩོད་འབྱུང་དུ་འཇུག་མི་རུང་ཟེར། ཨུ་རུ་སིའི་བར་གྱི་འབྲེལ་བའི་ཐད་ནས་འཇར་མན་དང་ཨ་མེ་རི་ཁའི་དམིགས་ཡུལ་ལ་རྩ་བའི་ཁྱད་པར་ཡོད་པ་ཡིན། འཇར་མན་གྱིས་ཨུ་རུ་སིའི་བར་གྱི་གྲོས་མོལ་རྒྱ་བསྐྱེད་པར་གཙོ་བོར་དམིགས་ཡུལ་ཡོད་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།