ཀྲུང་གོ་བོད་ཀྱི་དྲ་བ།

སོ་མཱ་ལིའི་ཉེན་རྟོག་སློབ་གླིང་དུ་འཇབ་རྒོལ་དོན་རྐྱེན་བྱུང་ནས་མི་བཅོ་བརྒྱད་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-12-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  སོ་མཱ་ལིའི་ཉེན་རྟོག་ཕྱོགས་ཀྱིས་ཚེས་བཅུ་བཞིའི་ཉིན་བཤད་རྒྱུར། སོ་མཱ་ལིའི་རྒྱལ་ས་མའོ་ཅཱ་ཏིས་ཧྲ་གྲོང་ཁྱེར་གྱི་ཉེན་རྟོག་སློབ་གླིང་ཞིག་ནས་ཉིན་དེའི་ཞོགས་པར་རང་སྲོག་གཅོད་པའི་འགས་གཏོར་འཇབ་རྒོལ་དོན་རྐྱེན་བྱུང་སྟེ། མི་བཅོ་བརྒྱད་རྐྱེན་ལམ་དུ་ཤོར་བ་དང་། གཞན་ཡང་མི་བཅོ་ལྔར་རྨས་ཕོག་ཟེར།

སོ་མཱ་ལིའི་ཉེན་རྟོག་དམག་དཔུང་གི་དཔོན་རིགས་ཀྱིས་གསར་འགྱུར་ལས་རིགས་ལ་བཤད་རྒྱུར། ཉེན་རྟོག་པར་བརྫུས་པའི་འཇབ་རྒོལ་མཁན་ཞིག་གིས་མའོ་ཅཱ་ཏིས་ཧྲའི་ཞེ་ཡེ་ཉེན་རྟོག་སློབ་གླིང་ནས་རང་ལུས་ཀྱི་འགད་རྫས་འགས་གཏོར་བཏང་བ་རེད་ཟེར།

སོ་མཱ་ལིའི་ཙུང་ལིའི་གཞུང་སྒྲུབ་ཁང་གི་འགན་ཁུར་བ་ཧཱ་མུའུ་ཏི་ཡིས་གསར་འགྱུར་ལས་རིགས་ལ་བཤད་རྒྱུར། འཇབ་རྒོལ་མཁན་གྱི་ཐོབ་ཐང་ངོས་འཛིན་བྱས་ཡོད་པ་དང་ སྲིད་གཞུང་གིས་རྟོག་ཞིབ་མཇུག་སྒྲིལ་རྗེས་འབྲེལ་ཡོད་གནས་ཚུལ་ཞིབ་ཏུ་ཁྱབ་སྒྲོག་བྱེད་རྒྱུ་ཡིན་ཟེར།

སོ་མཱ་ལིའི་ན་གཞོན་ཏང་གིས་ཐེངས་འདིའི་འཇབ་རྒོལ་དོན་རྐྱེན་བཟོས་པ་ཁྱབ་སྒྲོག་བྱས།

སོ་མཱ་ལིའི་ན་གཞོན་ཏང་ནི་རྟེན་གཞི་རྩ་འཛུགས་ལ་འབྲེལ་བ་ཡོད་པའི་ཐལ་སྤྱོད་རྩ་འཛུགས་ཤིག་ཡིན་པ་དང་། ཉེ་བའི་ལོ་འགའི་རིང་སོ་མཱ་ལི་དང་དེ་ཁྱིམ་མཚེས་རྒྱལ་ཁབ་མང་བོར་འཇིགས་སྐུལ་འཇབ་རྒོལ་དོན་རྐྱེན་བཟོ་བཞིན་ཡོད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།