ཀྲུང་གོ་བོད་ཀྱི་དྲ་བ།

སི་རི་ཡཱའི་སྲིད་གཞུང་གིས་རྒྱལ་སྤྱིའི་མནའ་འབྲེལ་གྱི་བར་སྣང་འཇབ་རྒོལ་ལས་མི་སེར་དཀྱུས་མ་རྐྱེན་ལམ་དུ་ཤོར་བར་རྒོལ་གཏམ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-12-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  སི་རི་ཡཱའི་ཕྱི་འབྲེལ་པུའུ་ཡིས་ཚེས་བཅུ་བཞིའི་ཉིན་གསལ་སྒྲོག་སྤེལ་ཏེ། ཨ་མེ་རི་ཁ་གཙོ་བྱས་པའི་རྒྱལ་སྤྱིའི་མནའ་འབྲེལ་གྱིས་ཚེས་བཅུ་གསུམ་ཉིན་སི་རི་ཡཱའི་ཏའེ་ཨར་ཙུའུ་ཨར་ཞིང་ཆེན་དུ་བར་སྣང་འཇབ་རྒོལ་བྱས་ཏེ། མི་སེར་དཀྱུས་མ་ཉེར་གསུམ་རྐྱེན་ལམ་དུ་ཤོར་ཟེར།

གསལ་སྒྲོག་ལས་བཤད་རྒྱུར། རྒྱལ་སྤྱིའི་མནའ་འབྲེལ་གྱི་འཐབ་འཛིང་གནམ་གྲུས་ཚེས་བཅུ་གསུམ་ཉིན་ཏའེ་ཨར་ཙུའུ་ཨར་ཞིང་ཆེན་ཤར་ཕྱོགས་ཀྱི་མཁར་གྲོང་ཞིག་གི་སྡོད་ཁུལ་ལ་བར་སྣང་འཇབ་རྒོལ་བྱས་ཏེ། བུད་མེད་དང་བྱིས་པ་འདུས་པའི་མི་སེར་དཀྱུས་མ་ཉེར་གསུམ་རྐྱེན་ལམ་དུ་ཤོར་བ་དང་། རྨང་གཞིའི་སྒྲིག་ཆས་དང་མང་ཚོགས་ཀྱི་རྒྱུ་ནོར་ལ་གཏོར་བརླག་ཐེབས་ཡོད་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།