ཀྲུང་གོ་བོད་ཀྱི་དྲ་བ།

ཨ་མེ་རི་ཁས་འཇིགས་སྐུལ་ལ་ངོ་རྒོལ་བྱས་པ་མི་འདང་བ་རྒྱུ་མཚན་དུ་བྱས་ཏེ་ཕཱ་ཁི་སི་ཐན་གྱི་དམག་དོན་རོགས་སྐྱོར་མང་ཆེ་བ་གནས་སྐབས་སུ་མཚམས་བཞག

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-01-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨ་མེ་རི་ཁའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གསར་འགྱུར་མགྲིན་ཚབ་པ་ནོའུ་ཨར་ཐི་ཡིས་ཚེས་བཞིའི་ཉིན་བསྟན་དོན། ཨ་མེ་རི་ཁས་ཕཱ་ཁི་སི་ཐན་གྱི་དམག་དོན་རོགས་སྐྱོར་མང་ཆེ་བ་གནས་སྐབས་སུ་མཚམས་བཞག་པ་དང་། རྒྱུ་མཚན་ནི་ཕཱ་ཁི་སི་ཐན་གྱིས་འཇིགས་སྐུལ་ལ་ངོ་རྒོལ་བྱས་པ་མི་འདང་བ་རེད་ཟེར།

ནོའུ་ཨར་ཐི་ཡིས་ཉིན་དེའི་རྒྱུན་ལྡན་གྱི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བསྟན་དོན། ཕཱ་ཁི་སི་ཐན་གྱིས་དམག་དོན་རོགས་སྐྱོར་གནས་སྐབས་སུ་མཚམས་བཞག་པ་ཙམ་ལས་དུས་གཏན་དུ་མ་ཡིན་ཡང་། ཕཱ་ཁི་སི་ཐན་སྲིད་གཞུང་གིས་འཇིགས་སྐུལ་ལ་ངོ་རྒོལ་བྱས་པའི་འགུལ་སྐྱོད་ལ་བལྟ་དགོས་ཟེར། མོས་བཤད་རྒྱུར། ཕཱ་ཁི་སི་ཐན་གྱིས་ཐཱ་ལེ་པན་སོགས་ལ་གཅིག་ཆོད་ཀྱི་འགུལ་སྐྱོད་སྤེལ་ཐུབ་དགོས། དེ་ལྟ་མིན་ཚེ་གནས་སྐབས་སུ་མཚམས་བཞག་པའི་བྱ་སྤྱོད་དེ་རྒྱུན་འཁྱོངས་བྱེད་ངེས་ཡིན་ཟེར།

ཨ་མེ་རི་ཁས་འཇིགས་སྐུལ་ལ་ངོ་རྒོལ་བྱས་པ་མི་འདང་བ་རྒྱུ་མཚན་དུ་བྱས་ཏེ། ཕཱ་ཁི་སི་ཐན་གྱི་རོགས་སྐྱོར་མཚམས་བཞག་པ་ནི་གསར་བྱུང་གི་དོན་ཞིག་མ་ཡིན། ན་ནིང་ཟླ་བརྒྱད་པར། ཐི་ལིང་ཕུའུ་ཡིས་ཨེ་ཤ་ཡཱ་ལྷོ་མའི་འཐབ་ཇུས་གསར་བ་སྤེལ་སྐབས། ཕཱ་ཁི་སི་ཐན་གྱིས་འཇིགས་སྐུལ་ལ་ངོ་རྒོལ་བྱས་པ་མི་འདང་བར་སྐྱོན་བརྗོད་བྱས་མྱོང་། ཟླ་དགུ་བའི་ཚེས་གཅིག་ཉིན། ཨ་མེ་རི་ཁས་མེ་སྒོར་དུང་ཕྱུར་གཉིས་དང་བྱེ་བ་ལྔ་ས་ཡ་ལྔའི་ཕཱ་ཁི་སི་ཐན་གྱི་དམག་དོན་རོགས་སྐྱོར་མཚམས་འཇོག་རྒྱུ་ཁྱབ་སྒྲོག་བྱས་པ་རེད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།