ཀྲུང་གོ་བོད་ཀྱི་དྲ་བ།

སི་རི་ཡཱའི་སྲིད་གཞུང་དམག་དཔུང་གིས་དབྱེ་ཏི་ལེ་པུའུ་དང་ཧཱ་མཱ་ནས་ཉིན་གཅིག་ལ་གྲོང་རྡལ་བཅོ་ལྔ་ཕྱིར་འཕྲོག་ལེན་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-01-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

再获突破 叙政府军伊德利卜和哈马一日收复15镇.jpg

དཔེ་མཚོན་རི་མོ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  སི་རི་ཡཱའི་དཔོན་ཕྱོགས་ཀྱིས་ཚེས་བཅུའི་ཉིན་བསྒྲགས་པ་ལྟར་ན། སི་རི་ཡཱའི་སྲིད་གཞུང་དམག་དཔུང་གིས་ཉིན་དེར་དུས་ཚོད་འགའི་ནང་། ཧཱ་མཱ་དང་དབྱེ་ཏི་ལེ་པུའུ་ཞིང་ཆེན་གཉིས་ནས་སྲིད་གཞུང་ལ་ངོ་རྒོལ་བྱེད་པའི་དྲག་ཆས་པར་དམིགས་པའི་འགུལ་སྐྱོད་ཁྲོད་གྲོང་རྡལ་བཅོ་ལྔའི་ཚོད་འཛིན་དབང་ཆ་བླངས་ཡོད་ཟེར།

སི་རི་ཡཱའི་སྲིད་གཞུང་དམག་དཔུང་གི་དབྱེ་ཏི་ལེ་པུའུ་འགུལ་སྐྱོད་ཀྱི་བཀོད་འདོམ་དཔོན་པོས་བསྟན་དོན། ཉིན་དེར་དམག་དཔུང་གིས་དྲག་ཆས་ཉེས་ཅན་གྱི་འགོག་སྲུང་ཡོད་ཚད་ལས་བརྒལ་བ་དང་། ཉིན་གཅིག་ལ་གྲོང་སྡེ་བཅུ་གསུམ་ལྷག་ཕྱིར་འཕྲོག་ལེན་བྱས་པར་མ་ཟད། སྲིད་གཞུང་ལ་ངོ་རྒོལ་བྱེད་པའི་དྲག་ཆས་པ་ཨ་ལེ་ཕའོ་ཞིང་ཆེན་ནུབ་ཕྱོགས་ས་ཁུལ་དུ་འགྲོ་བའི་རྒྱུ་ལམ་མང་བོར་ཚོད་འཛིན་བྱས་ཡོད། དེ་ལས་གཞན་སྲིད་གཞུང་ལ་ངོ་རྒོལ་བྱེད་པའི་དྲག་ཆས་པའི་བཀོད་འདོམ་དཔོན་པོ་མང་བོ་ཡང་ཉིན་དེའི་འགུལ་སྐྱོད་ཁྲོད་རྐྱེན་ལམ་དུ་ཤོར་ཡོད་ཟེར།

བསྒྲགས་པ་ལྟར་ན། མིག་སྔར་སི་རི་ཡཱའི་སྲིད་གཞུང་དམག་དཔུང་ལྷོ་ཕྱོགས་ནས་ཨ་པུའུ་ཏུའུ་ཧུའུ་ཨར་མཁའ་དམག་རྟེན་གཞིའི་བར་སྤྱི་ལེ་ལྔའི་བར་ཐག་མ་གཏོགས་མེད་པ་དང་། བྱང་ཕྱོགས་ནས་སྤྱི་ལེ་བཅོ་བརྒྱད་ཙམ་མ་གཏོགས་མེད། ཨ་ལེ་ཕའོ་དང་ཧཱ་མཱ། དབྱེ་ཏི་ལེ་པུའུ་བཅས་ཞིང་ཆེན་གསུམ་གྱི་འབྲེལ་མཚམས་སུ་ཡོད་པའི་སྲིད་གཞུང་ལ་ངོ་རྒོལ་བྱེད་པའི་དྲག་ཆས་པར་གསར་དུ་བསྐོར་བཅོམ་ཐེབས་ཡོད་ཟེར།

དེ་ལས་གཞན་སི་རི་ཡཱའི་སྲིད་གཞུང་དམག་དཔུང་གིས་ད་རུང་ཧཱ་མཱ་ནས་གྲོང་སྡེ་གཉིས་ཚོད་འཛིན་བྱས་ཏེ། སི་རི་ཡཱའི་སྲིད་གཞུང་གི་ཏཱ་མཱ་ཧྲི་ཀི་ནས་ཨ་ལེ་ཕའོ་བར་གྱི་རྒྱུ་ལམ་ཉག་གཅིག་གི་ཉེ་འཁོར་གྱི་བདེ་འཇགས་ས་ཁོངས་དེ་སྤྱི་ལེ་ཉེར་ལྔས་རྒྱ་བསྐྱེད་ཡོད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།