ཀྲུང་གོ་བོད་ཀྱི་དྲ་བ།

ལི་པུ་ཡཱའི་ཙུང་ཐུང་གསར་བ་ཝེ་ཨ་ཡིས་དམ་བཅའ་བཞག་སྟེ་ལས་འགན་ཁུར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-01-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ལི་པུ་ཡཱའི་གསར་དུ་བདམས་ཐོན་བྱུང་བའི་ཙུང་ཐུང་ཝེ་ཨ་ཡིས་ཚེས་ཉེར་གཉིས་ཉིན་རྒྱལ་ས་མིན་ལོ་ཝེ་ཡཱའི་ལུས་རྩལ་ར་བ་ནས་དམ་བཅའ་བཞག་སྟེ་ལས་འགན་ཁུར།

ཝེ་ཨ་ཡིས་ལས་འགན་ཁུར་བའི་མཛད་སྒོའི་སྟེང་གཏམ་བཤད་སྤེལ་ཏེ། ཁོས་འགན་ཡུན་ནང་རང་ནུས་ཅི་ཡོད་བཏོན་ནས། སྲིད་གཞུང་གི་བྱ་སྤྱོད་ཚད་མ་ལི་པུ་ཡཱའི་མང་ཚོགས་ཀྱི་རེ་འདུན་དང་འཚམ་པར་བྱེད་རྒྱུ་ཡིན་ཟེར།

ཝེ་ཨ་ཡིས་ལི་པུ་ཡཱ་ལ་རྒྱབ་སྐྱོར་དང་རོགས་རམ་བྱས་པའི་རྒྱལ་ཁབ་དང་རྒྱལ་སྤྱིའི་རྩ་འཛུགས་ལ་བཀའ་དྲིན་ཞུས་པར་མ་ཟད། རང་གི་འགན་ཡུན་ནང་མུ་མཐུད་དུ་རྒྱལ་ཁབ་སོ་སོའི་བར་གྱི་མཛའ་མཐུན་འབྲེལ་བ་སྲ་བརྟན་དུ་གཏོང་རྒྱུ་ཡིན་ཟེར།

ཀྲུང་གོ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱི་ཆེད་མངག་ཕོ་ཉ། རྒྱལ་ཁབ་འཕྲོད་བསྟེན་དང་འཆར་ལྡན་བུ་སྐྱེས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ལིས་པེན་ལས་འགན་ཁུར་བའི་མཛད་སྒོར་ཞུགས། ནེ་ཀྲི་རི་ཡཱ་དང་སེ་ར་རེ་ཨང་། ཀེའུ་ནེ་ཡཱ། ཁོ་ཐེ་ཏི་ཝོར། ཏའོ་ཀི། ཀ་ཕིན། ཀ་ནཱ། སེ་ནེ་ཀལ་སོགས་རྒྱལ་ཁབ་ཀྱི་མགོ་གཙོ་དང་འཐུས་མི་ཡང་ལས་འགན་ཁུར་བའི་མཛད་སྒོར་ཞུགས།

ལི་པུ་ཡཱའི་རྒྱལ་ཁབ་འདེམ་བསྐོའི་ཨུ་ཡོན་ལྷན་ཁང་གིས་ན་ནིང་ཟླ་བཅུ་གཉིས་པའི་ཚེས་ཉེར་བརྒྱད་ཉིན་ཁྱབ་སྒྲོག་བྱས་དོན། ད་ལོ་ལོ་ང་གཅིག་ཡིན་པའི་སྔོན་ཆད་ཀྱི་འཛམ་གླིང་རྐང་རྩེད་སྤོ་ལོའི་སྐུ་ཞབས་ཀྱི་མཚན་སྙན་ཐོབ་མཁན་ཝེ་ཨ་ལ་ལི་པུ་ཡཱའི་ཙུང་ཐུང་འདེམ་བསྐོའི་ཁྲོད་རྒྱལ་ཁ་ཐོབ་ཡོད་ཟེར།

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།