ཀྲུང་གོ་བོད་ཀྱི་དྲ་བ།

ཨ་ཧྥུའུ་ཧན་ནས་འཇིགས་སྐུལ་འཇབ་རྒོལ་དོན་རྐྱེན་གསུམ་བྱུང་ནས་མི་ཉི་ཤུ་ལྷག་ཤི་རྨས་བྱུང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-02-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་ཧྥུའུ་ཧན་ནས་ཚེས་ཉེར་བཞི་ཉིན་བསྟུད་མར་རླངས་འཁོར་འགས་གཏོར་འཇབ་རྒོལ་དོན་རྐྱེན་གསུམ་བྱུང་ནས། ཉུང་མཐར་ཡང་མི་དགུ་རྐྱེན་ལམ་དུ་ཤོར་བ་དང་།མི་བཅུ་དྲུག་ལ་རྨས་ཕོག

ཨ་ཧྥུའུ་ཧན་ནང་སྲིད་པུའུ་ཡི་མགྲིན་ཚབ་པ་ན་སི་ལཱ་ཏི་ལཱ་ཞི་མུས་ཀྱིས་གསར་འགྱུར་ལས་ཁུངས་ལ་བདེན་དཔང་བྱེད་རྒྱུར། ས་དེའི་དུས་ཚོད་བརྒྱད་དང་སྐར་མ་ཉི་ཤུའི་སྟེང་། རྒྱལ་ས་ཁ་པོར་གྱི་ཉེན་རྟོག་ས་ཁུལ་དགུ་པ་ནས་རླངས་འཁོར་འགས་གཏོར་འཇབ་རྒོལ་དོན་རྐྱེན་བྱུང་ནས། འཇབ་རྒོལ་པ་དང་བཅས་པའི་མི་བཞི་རྐྱེན་ལམ་དུ་ཤོར་བ་དང་། མི་ལྔ་ལ་རྨས་ཕོག་ཟེར།

འཇབ་རྒོལ་དོན་རྐྱེན་གཞན་པ་གཉིས་ནི་ཨ་ཧྥུའུ་ཧན་ལྷོ་ཕྱོགས་ཀྱི་ཧི་ཨར་མན་ཏི་ཞིང་ཆེན་གྱི་གྲོང་ཁྱེར་གཙོ་བོ་ལཱ་ཧྲི་ཁ་ཨར་ཅ་ནས་བྱུང་བ་རེད། ས་དེའི་ཉེན་རྟོག་པས་བཤད་རྒྱུར། རླངས་འཁོར་འགས་གཏོར་དོན་རྐྱེན་དེ་གཉིས་ཀ་སོ་སོར་དུས་ཚོད་དྲུག་དང་སྐར་མ་བཅོ་ལྔ་དང་། དུས་ཚོད་དགུ་དང་སྐར་མ་ལྔའི་ཐོག་བྱུང་། འགས་གཏོར་འཇབ་རྒོལ་སྔོན་མ་དེ་དམག་སྒར་ཞིག་གི་ཉེ་འདབས་ནས་བྱུང་ནས། འཇབ་རྒོལ་པ་དང་དམག་མི་གཉིས་རྐྱེན་ལམ་དུ་ཤོར་བ་དང་། དམག་མི་ཞིག་ལ་རྨས་ཕོག འགས་གཏོར་དོན་རྐྱེན་རྗེས་མ་དེ་ས་དེའི་བདེ་འཇགས་སྡེ་ཁག་གི་གཞུང་སྒྲུབ་བྱེད་སའི་ཉེ་འདས་ནས་བྱུང་བ་དང་། འཇབ་རྒོལ་པ་དང་བཅས་པའི་མི་གཉིས་རྐྱེན་ལམ་དུ་ཤོར་བ་དང་། ཉུང་མཐར་ཡང་མི་བཅུ་ཐམ་པར་རྨས་ཕོག་ཟེར།

རྩོམ་སྒྲིག་པ། : ཀླུ་མོ་མཚོ།