ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་ལིང་གིས་འཕུར་མདའི་ཐོན་ཚད་ལྡབ་འགྱུར་གྱིས་ཇེ་མང་དུ་བཏང་བ་ཁྱབ་སྒྲོག་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-03-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་ལིང་དབྱི་སི་ལན་གསར་བརྗེ་ཉེན་སྲུང་རུ་ཁག་གི་མཁའ་དམག་དམག་སྤྱི་ཧཱ་ཅི་ཀྲ་ཏི་ཡིས་ཚེས་བདུན་ཉིན་ཁྱབ་སྒྲོག་བྱས་དོན། དབྱི་ལིང་གིས་ཕྱི་ཕྱོགས་ཀྱི་གནོན་ཤུགས་དབང་གིས་འགོག་སྲུང་རང་བཞིན་གྱི་འཕུར་མདའི་གསར་སྤེལ་མཚམས་འཇོག་མི་སྲིད་པ་དང་། འདས་པའི་ལོ་འགའི་ནང་དབྱི་ལིང་གི་འཕུར་མདའི་ཐོན་ཚད་ལྡབ་འགྱུར་གྱིས་ཇེ་མང་དུ་སོང་ཡོད་ཟེར།

ཧཱ་ཅི་ཀྲ་ཏི་ཡིས་ཉིན་དེར་མཁའ་དམག་རྟེན་གཞི་ཞིག་ལ་རྟོག་ཞིབ་བྱེད་སྐབས་བསྟན་དོན། དབྱི་ལིང་གིས་འགོག་སྲུང་རང་བཞིན་གྱི་འཕུར་མདའ་གསར་སྤེལ་བྱེད་པ་ནི་རྒྱལ་ཁབ་ཀྱི་བདེ་འཇགས་ཁེ་ཕན་གྱི་དགོས་མཁོ་དབང་གིས་ཡིན་པས། འཆར་གཞི་དེ་དུས་གཏན་དུ་མཚམས་འཇོག་མི་སྲིད་ལ། རྒྱལ་ཁབ་གང་རུང་བར་གནད་དོན་དེའི་ཐད་ནས་མུ་མཐུད་དུ་གྲོས་མོལ་ཡང་བྱེད་མི་སྲིད་ཟེར།

ཧཱ་ཅི་ཀྲ་ཏི་ཡིས་བཤད་རྒྱུར། དབྱི་ལིང་རྒྱལ་སྲུང་འཕེལ་རྒྱས་ཀྱི་མྱུར་ཚད་སྔར་ལས་ཇེ་མགྱོགས་སུ་སོང་བ་དང་། འཕུར་མདའི་ཐོན་ཚད་དེ་འདས་པའི་ལོ་འགའི་ནང་ལྡབ་གསུམ་འཕར་སྣོན་བྱུང་ཡོད། ནུབ་ཕྱོགས་རྒྱལ་ཁབ་དག་གིས་དབྱི་ལིང་གིས་འགོག་སྲུང་ནུས་པ་ཇེ་མཐོར་གཏོང་བར་བཀག་འགོག་བྱེད་པའི་བྱ་སྤྱོད་ནི་ངལ་བ་འབྲས་མེད་ཡིན་སྲིད་ཟེར། ཁོས་ཨ་མེ་རི་ཁས་མཚོན་ཆའི་ཞིབ་འཇུག་གསར་སྤེལ་ཁྱབ་ཁོངས་སུ་ཚད་གཞི་ཟུང་ལྡན་སྤྱད་དེ། རང་ཉིད་ཀྱིས་དམག་དོན་གྲོན་དངུལ་ཁ་སྣོན་བྱས་ཏེ་མཐོ་གསར་མཚོན་ཆ་གསར་སྤེལ་བྱེད་ཀྱང་། དབྱི་ལིང་གིས་འགོག་སྲུང་རང་བཞིན་གྱི་འཕུར་མདའ་གསར་སྤེལ་བྱེད་པའི་འཆར་གཞི་བསྐྱུར་དགོས་པའི་གནོན་ཤུགས་བྱིན་པར་སྐྱོན་བརྗོད་བྱས། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།