ཀྲུང་གོ་བོད་ཀྱི་དྲ་བ།

མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཨ་ཧྥུའུ་ཧན་གྱི་རོགས་སྐྱོར་ཚོགས་པའི་འགན་ཡུན་ལོ་གཅིག་གིས་ཇེ་རིང་དུ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-03-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཚེས་བརྒྱད་ཉིན་གྲོས་ཆོད་བཀོད་དེ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཨ་ཧྥུའུ་ཧན་ཆབ་སྲིད་ཆེད་མངག་ཚོགས་པའི་འགན་ཡུན་དེ་ཉིས་སྟོང་བཅུ་དགུ་ལོའི་ཟླ་གསུམ་པའི་ཚེས་བཅུ་བདུན་ཉིན་བར་ལོ་གཅིག་གིས་ཇེ་རིང་དུ་བཏང་སྟེ། མུ་མཐུད་དུ་འཁྲུག་རྩོད་ཀྱི་གནོད་པ་ཐེབས་པའི་རྒྱལ་ཁབ་དེའི་སྲིད་གཞུང་དང་མི་དམངས་ལ་རོགས་སྐྱོར་བྱེད་རྒྱུ་ཡིན་ཟེར།

གྲོས་ཆོད་ལས་བཤད་རྒྱུར། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཨ་ཧྥུའུ་ཧན་གྱི་གཙོ་ཁྲིད་དབང་ཆ་དང་རང་བདག་དབང་ཆར་ཤུགས་སྣོན་བྱེད་དགོས་པ་དང་། རྒྱལ་སྤྱིའི་གྲོགས་པོའི་འབྲེལ་བ་དང་ས་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱེད་པ། ཨ་ཧྥུའུ་ཧན་གྱི་བཅོས་སྐྱོང་ལེགས་བཅོས་བྱེད་པ། ཨ་ཧྥུའུ་ཧན་གྱི་བདེ་འཇགས་དམག་དཔུང་གི་ནུས་པ་ཇེ་མཐོར་བཏང་སྟེ། དཔལ་འབྱོར་འཕར་སྣོན་དང་རྒྱུན་མཐུད་འཕེལ་རྒྱས་མངོན་འགྱུར་བྱེད་དགོས་པར་མ་ཟད། སྔར་ལས་ལྷག་པའི་སྒོ་ནས་ཨ་ཧྥུའུ་ཧན་གྱི་སྤྱི་དམངས་ཁེ་དབང་ལ་སྲུང་སྐྱོབ་བྱེད་པ་དང་། ཁྱད་པར་དུ་བུད་མེད་ཀྱི་ཁེ་དབང་ལ་སྲུང་སྐྱོབ་བྱེད་དགོས་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།