ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་རག་རྒྱལ་སྤྱིའི་འགོག་སྲུང་འགྲེམ་སྟོན་པཱ་ཀ་ཏཱ་ནས་སྤེལ་མགོ་བརྩམས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-03-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་རག་རྒྱལ་སྤྱིའི་འགོག་སྲུང་འགྲེམ་སྟོན་ཚེས་བཅུའི་ཉིན་པཱ་ཀ་ཏཱ་ནས་སྤེལ་མགོ་བརྩམས་པ་དང་། འཛམ་གླིང་ཡོངས་ཀྱི་རྒྱལ་ཁབ་བཅོ་བརྒྱད་ཀྱི་འགྲེམ་སྟོན་ཚོང་བ་བདུན་ཅུ་ལྷག་འགྲེམ་སྟོན་ལ་ཞུགས།

དབྱི་རག་གི་ཙུང་ལི་ཨ་པཱ་ཏིས་ཀྱིས་འགྲེམ་སྟོན་མགོ་རྩོམ་པའི་མཛད་སྒོའི་སྟེང་གཏམ་བཤད་སྤེལ་ཏེ། འཇིགས་སྐུལ་རིང་ལུགས་ཀྱི་འཇིགས་ཉེན་ཡོངས་སུ་སེལ་མེད་པས། དབྱི་རག་གིས་སྔར་བཞིན་དམག་ཤུགས་ལ་ཤུགས་སྣོན་དང་ཞི་བདེ་ལ་སྲུང་སྐྱོབ་བྱས་ཏེ། བསྐྱར་འཛུགས་ཇེ་མགྱོགས་སུ་གཏོང་དགོས་ཟེར།

ཐེངས་འདིའི་འགོག་སྲུང་འགྲེམ་སྟོན་གྱི་ཡུན་ཚད་ནི་ཉིན་བཞི་ཡིན་པ་དང་། འགྲེམ་སྟོན་ལ་ཞུགས་པའི་ཁེ་ལས་ཀྱིས་མི་བསྡད་མེད་པའི་གནམ་གྲུ་དང་འཐབ་འཛིང་རླངས་འཁོར། འཕུར་མདའ་སོགས་དམག་དོན་སྒྲིག་ཆས་འགྲེམ་སྟོན་བྱེད་རྒྱུ་རེད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།