ཀྲུང་གོ་བོད་ཀྱི་དྲ་བ།

ཨ་ཧྥུའུ་ཧན་གྱི་རྒྱལ་ས་ནས་རང་སྲོག་འཇབ་རྒོལ་དོན་རྐྱེན་བྱུང་སྟེ་ཉུང་མཐར་ཡང་མི་དྲུག་ལ་ཤི་རྨས་ཐེབས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-03-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་ཧྥུའུ་ཧན་ནང་སྲིད་པུའུ་ཡིས་ཚེས་བཅུ་བདུན་ཉིན་བསྒྲགས་པ་ལྟར་ན། ཨ་ཧྥུའུ་ཧན་གྱི་རྒྱལ་ས་ཁཱ་པོར་ནས་ཉིན་དེའི་ཕྱི་དྲོར་རང་སྲོག་གཅོད་པའི་རླངས་འཁོར་འགས་གཏོར་འཇབ་རྒོལ་དོན་རྐྱེན་ཞིག་བྱུང་སྟེ། ཉུང་མཐར་ཡང་འཇབ་རྒོལ་མཁན་དང་བཅས་པའི་མི་གསུམ་རྐྱེན་ལམ་དུ་ཤོར་བ་དང་། མི་གསུམ་ལ་རྨས་ཕོག་ཟེར།

ཨ་ཧྥུའུ་ཧན་ནང་སྲིད་པུའུ་ཡི་མགྲིན་ཚབ་པ་ལཱ་ཞི་མུས་ཀྱིས་བཤད་རྒྱུར། འཇབ་རྒོལ་དོན་རྐྱེན་དེ་དུས་ཚོད་དགུ་དང་སྐར་མ་བཅུའི་ཡས་མས་སུ་རྒྱལ་སའི་ཉེན་ཟོན་ས་ཁུལ་དགུ་བ་ནས་བྱུང་བ་རེད། སྣང་ཚུལ་ལས་མངོན་པ་ལྟར་ན་འཇབ་རྒོལ་དམིགས་ཡུལ་ནི་ཉེན་ཟོན་ས་ཁུལ་དེའི་ཕྱི་རྒྱལ་གྱི་བཅའ་སྡོད་ལས་ཁུངས་ཤིག་ཡིན་ཡང་། འཇབ་རྒོལ་མཁན་བདེ་བླག་ངང་བཅའ་སྡོད་བྱེད་སར་ཐོན་ནས་ཅུང་མ་འགོར་གོང་རླངས་འཁོར་ནང་གི་འགད་རྫས་འགས་གཏོར་བྱུང་བ་རེད་ཟེར།

གནས་ཚུལ་དངོས་སུ་མཐོང་མཁན་གྱིས་བཤད་རྒྱུར། འགས་གཏོར་དོན་རྐྱེན་དེ་ལས་ཉེ་འདབས་ཀྱི་ཐོག་ཁང་ལ་ཚད་མི་འདྲ་བའི་གཏོར་བརླག་ཐེབས་ཡོད། ཁཱ་པོར་ཉེན་རྟོག་ཕྱོགས་ཀྱིས་དོན་རྐྱེན་བྱུང་སར་འགྲོ་སའི་གཞུང་ལམ་བཀག་སྡོམ་བྱས་ཏེ་ཡུལ་དངོས་ནས་རྟོག་ཞིབ་བྱ་བ་སྤེལ། འཇབ་རྒོལ་མཁན་ལས་གཞན་འགས་གཏོར་དོན་རྐྱེན་དེ་ལས་ཤི་རྨས་ཐོབ་མཁན་ཚང་མ་ས་དེའི་མི་སེར་དཀྱུས་མ་རེད།

ཨ་ཧྥུའུ་ཧན་གྱི་ཐཱ་ལེ་པན་དྲག་ཆས་རྩ་འཛུགས་ཀྱིས་ཐེངས་འདིའི་འཇབ་རྒོལ་དོན་རྐྱེན་བཟོས་པ་ཁྱབ་སྒྲོག་བྱས་ཡོད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།