ཀྲུང་གོ་བོད་ཀྱི་དྲ་བ།

ཧན་གོའི་ཕྱི་འབྲེལ་བློན་ཆེན་གྱིས་ཡོ་རོབ་གླིང་མནའ་འབྲེལ་གྱི་རྒྱལ་ཁབ་སོ་སོའི་ཕྱི་འབྲེལ་བློན་ཆེན་ལ་ཁྲའོ་ཞན་ཕྱེད་གླིང་གི་གནས་བབ་གནས་ཚུལ་སྙན་ཞུ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-03-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཧན་གོའི་ཕྱི་འབྲེལ་བློན་ཆེན་ཁང་ཅིན་ཧི་ཡིས་ཚེས་བཅུ་དགུའི་ཉིན་པུའུ་ལུའུ་སེར་ནས་ཡོ་རོབ་གླིང་མནའ་འབྲེལ་གྱི་རྒྱལ་ཁབ་སོ་སོའི་ཕྱི་འབྲེལ་བློན་ཆེན་དག་དང་མཉམ་དུ་དངོས་གཞི་མིན་པའི་གུང་ཚིགས་གསོལ་སྟོན་ལ་རོལ། ཁང་ཅིན་ཧི་ཡིས་ཁྲའོ་ཞན་ཕྱེད་གླིང་གི་གནས་བབ་ཀྱི་ཉེ་བའི་ཉིན་འགའི་རིང་གི་གནས་ཚུལ་སྙན་ཞུ་བྱས་པར་མ་ཟད། ཡོ་རོབ་གླིང་མནའ་འབྲེལ་གྱི་རྒྱལ་ཁབ་སོ་སོའི་ཕྱི་འབྲེལ་བློན་ཆེན་དག་དང་མཉམ་དུ་སྤེལ་རྩིས་ཡོད་པའི་ཧན་གོ་དང་ཁྲའོ་ཞན་དང་། ཨ་མེ་རི་ཁ་དང་ཁྲའོ་ཞན་གྱི་མགོ་གཙོའི་གྲོས་མོལ་ཐད་ནས་གྲོས་བསྡུར་བྱས།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།