ཀྲུང་གོ་བོད་ཀྱི་དྲ་བ།

ཨ་ཧྥེ་རི་ཁ་གླིང་གི་རྒྱལ་ཁབ་གཙོ་འཛིན་དག་གིས་འཛམ་གླིང་ཡོངས་ཀྱི་ཆེས་ཆེ་བའི་རང་དབང་ཉོ་ཚོང་ས་ཁུལ་འཛུགས་པར་གྲོས་བསྡུར་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-03-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ་གྱི་ཨ་ཧྥེ་རི་ཁ་སྐམ་སའི་རང་དབང་ཉོ་ཚོང་ས་ཁུལ་གྱི་དམིགས་བསལ་མཐོ་རིམ་གྲོས་ཚོགས་དེ་ཟླ་གསུམ་པའི་ཚེས་བཅུ་བདུན་ཉིན་ནས་ཚེས་ཉེར་གཅིག་ཉིན་བར་ཅི་ཅཱ་ལེ་ནས་ཚོགས། ཨ་ཧྥེ་རི་ཁ་གླིང་གི་རྒྱལ་ཁབ་སོ་སོའི་མགོ་ཁྲིད་པ་དག་ཚེས་ཉེར་གཅིག་ཉིན་རུ་ཝང་ཏཱའི་རྒྱལ་ས་ཅི་ཅཱ་ལེ་རུ་འཛོམས་ཏེ། འཛམ་གླིང་གི་ཆེས་ཆེ་བའི་རང་དབང་ཉོ་ཚོང་ས་ཁུལ་འཛུགས་པར་གྲོས་བསྡུར་བྱེད་རྒྱུ་རེད། ནེ་ཀྲི་རི་ཡཱའི་ཙུང་ཐུང་པུའུ་ཧཱ་ལི་ཡིས་ཟླ་གསུམ་པའི་ཚེས་བཅོ་བརྒྱད་ཉིན་དངོས་སུ་ཁྱབ་སྒྲོག་བྱས་དོན། ཁོ་རང་ཚེས་ཉེར་གཅིག་ཉིན་བསྡུ་རྒྱུ་ཡིན་པའི་མཐོ་རིམ་གྲོས་ཚོགས་ལ་ཞུགས་རྒྱུ་ཡིན་ཟེར།

རྒྱལ་ཁབ་ཉེར་བདུན་གྱི་མགོ་ཁྲིད་པ་ཅི་ཅཱ་ལེའི་གྲོས་ཚོགས་ལ་ཞུགས་ཡོད་ཀྱང་། རྒྱལ་ཁབ་སུས་མྱུར་དུ་ཨ་ཧྥེ་རི་ཁ་སྐམ་སའི་རང་དབང་ཉོ་ཚོང་ས་ཁུལ་ནང་ཞུགས་པའི་གྲོས་མཐུན་འགོད་སྲིད་པ་གསལ་བོར་མི་ཤེས།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།