ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་ལང་གིས་ཡོ་རོབ་གླིང་གིས་བྱེད་ཐབས་དངོས་སྤྱད་དེ་དབྱི་ལང་ཉིང་རྡུལ་གྲོས་ཆོད་ཁྲོད་ཀྱི་དབྱི་ལང་ཕྱོགས་ཀྱི་ཁེ་ཕན་ལ་སྲུང་སྐྱོབ་བྱེད་དགོས་པའི་འབོད་སྐུལ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-06-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་ལང་གི་དཔོན་ཕྱོགས་སྨྱན་ལམ་དབྱི་སི་ལན་སྤྱི་མཐུན་རྒྱལ་ཁབ་གསར་འགྱུར་ཁང་གིས་ཚེས12ཉིན་བསྒྲགས་པའི་གསར་འགྱུར་ལྟར་ན། དབྱི་ལང་གི་ཙུང་ཐུང་ལུའུ་ཧ་ཉི་ཡིས་ཉིན་དེར་ཧྥ་རན་སིའི་ཙུང་ཐུང་མཱ་ཁི་ལུང་ལ་ཁ་པར་བཏང་ནས། ཡོ་རོབ་གླིང་གི་རྒྱལ་ཁབ་དག་གིས་བྱེད་ཐབས་དངོས་སྤྱད་དེ་དབྱི་ལང་ཉིང་རྡུལ་གྲོས་ཆོད་ཁྲོད་ཀྱི་དབྱི་ལང་གི་ཁེ་ཕན་ལ་སྲུང་སྐྱོབ་བྱེད་དགོས་པའི་རེ་བ་བཏོན་ཟེར།

བསྒྲགས་པའི་གསར་འགྱུར་ལྟར་ན། ལུའུ་ཧ་ཉི་ཡིས་ཁ་པར་ལས་ཡོ་རོབ་གླིང་གི་རྒྱལ་ཁབ་དག་གི་རྣམ་འགྱུར་དང་གསལ་བསྒྲགས་དེ་བྱ་སྤྱོད་དངོས་ཀྱི་སྟེང་ནས་དངོས་འབེབས་བྱེད་དགོས་པ་མ་ཟད། བྱེད་ཐབས་དངོས་སྤྱད་དེ་དབྱི་ལང་གི་ཁེ་ཕན་ལ་སྲུང་སྐྱོབ་བྱེད་དགོས་ཞེས་བསྟན་ཟེར།

གསར་འགྱུར་དེ་ལས་ལུའུ་ཧ་ཉི་ཡི་སྐད་ཆ་དྲངས་པ་ལྟར་ན། ལུའུ་ཧ་ཉི་ཡིས་གལ་ཏེ་དབྱི་ལང་གི་གྲོས་ཆོད་ཁྲོད་ཀྱི་ཁེ་ཕན་ལ་སྲུང་སྐྱོབ་མ་ཐོབ་ན། དབྱི་ལང་གིས་དབྱི་ལང་ཉིང་རྡུལ་གྲོས་ཆོད་ལག་བསྟར་བྱེད་མི་སྲིད་ཅེས་བཤད་ཟེར།

ཨ་མེ་རི་ཁའི་ཙུང་ཐུང་ཐི་ལང་ཕུའུ་ཡིས་ཟླ་ལྔ་པའི་ཚེས་བརྒྱད་ཉིན་དབྱི་ལང་ཉིང་རྡུལ་གྲོས་ཆོད་ལས་ཕྱིར་བུད་པ་ཁྱབ་བསྒྲགས་བྱས་པར་མ་ཟད། དབྱི་ལང་ཉིང་རྡུལ་གྲོས་ཆོད་ལ་བརྟེན་ནས་ལག་བསྟར་བྱེད་མཚམས་བཞག་པའི་དབྱི་ལང་ལ་དམིགས་པའི་བཀག་སྡོམ་བྱེད་ཐབས་ཡང་བསྐྱར་ལགབ་སྟར་བྱེད་རྒྱུ་ཡིན་ཞེས་བསྒྲགས། དབྱི་ལང་ཕྱོགས་ཀྱིས་གནས་སྐབས་སུ་དབྱི་ལང་ཉིང་རྡུལ་གྲོས་ཆོད་ལག་བསྟར་བྱེད་རྒྱུ་མ་ཟད་གྲོས་ཆོད་བཀོད་པའི་ཕྱོགས་གཞན་དག་ལ་གྲོས་མོལ་བྱེད་རྒྱུ་ཡིན་ཞེས་བསྟན།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།