ཀྲུང་གོ་བོད་ཀྱི་དྲ་བ།

ཐུར་ཁེའི་མེ་འཁོར་ཞིག་ལྕགས་ལམ་ལས་བརྒལ་ནས་མི་བཅུ་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-07-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

这是7月8日在土耳其泰基尔达省拍摄的火车出轨事故现场。.jpg

དེ་ནི་ཟླ7པའི་ཚེས8ཉིན་ཐུར་ཁེའི་ཐེ་ཅི་ཨར་ཏཱ་ཞིང་ཆེན་ནས་མེ་འཁོར་ལྕགས་ལམ་ལས་བརྒལ་བའི་དོན་རྐྱེན་བྱུང་སའི་ཡུལ་དངོས་རྣམ་པ་རེད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཐུར་ཁེ་ནུབ་བྱང་ཕྱོགས་ཀྱི་ཐེ་ཅི་ཨར་ཏཱ་ཞིང་ཆེན་ནས་ཚེས་བརྒྱད་ཉིན་གྱི་ཕྱི་དྲོར་མེ་འཁོར་ཐོ་བརྒྱབ་པའི་དོན་རྐྱེན་བྱུང་སྟེ། མིག་སྔར་མི་བཅུ་རྐྱེན་ལམ་དུ་ཤོར་བ་དང་། མི་དོན་གསུམ་ལ་རྨས་ཕོག་ཟེར།

ཐུར་ཁེའི་འགྲིམ་འགྲུལ་སྡེ་ཁག་གིས་བསྒྲགས་པ་ལྟར་ན། ཆག་སྒོ་བྱུང་བའི་མེ་ཁོར་དེ་ཐུར་ཁེའི་ནུབ་བྱང་ཕྱོགས་ཀྱི་ཨེ་ཏིས་ཨར་ནེ་ཞིང་ཆེན་ནས་དབྱི་སི་ཐན་པོར་དུ་བགྲོད་བཞིན་ཡོད་པ་དང་། བསྡོམས་པས་འགྲུལ་བ་སུམ་བརྒྱ་དང་རེ་གཉིས་དང་མེ་འཁོར་སྟེང་གི་ལས་བྱེད་མི་སྣ་དྲུག་དྲུད་ཡོད་ཟེར།

ཐེ་ཅི་ཨར་ཏཱ་ཞིང་ཆེན་གྱི་ཧྲིན་ཀྲང་ཅེ་དབྱེ་ལན་གྱིས་གསར་འགྱུར་ལས་རིགས་ལ་བསྟན་དོན། དོན་རྐྱེན་བྱུང་བའི་རྒྱུ་རྐྱེན་ནི་ཆར་བ་དྲག་པོ་བབས་པའི་དབང་གིས་ལྕགས་ལམ་གྱི་འོག་ངོས་ཀྱི་ས་སྟེགས་བརྡིབས་པས་རེད་ཟེར།

དོན་རྐྱེན་བྱུང་རྗེས། རྒུད་སྐྱོབ་མི་སྣ་མང་བོ་དང་མྱུར་སྐྱོབ་རླངས་འཁོར་བརྒྱ་ཕྲག་ཙམ་དོན་རྐྱེན་བྱུང་སའི་ཡུལ་དངོས་སུ་འབྱོར་བ་དང་། ཐུར་ཁེའི་དམག་ཕྱོགས་ཀྱིས་གྱེན་འཕུར་གནམ་གྲུ་མངག་ནས་རྒུད་སྐྱོབ་བྱ་བར་ཞུགས།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།