ཀྲུང་གོ་བོད་ཀྱི་དྲ་བ།

ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་དང་མའོ་ཞི་ཁོའི་སྲིད་གཞུང་གིས་བདེ་འཇགས་དང་ཉོ་ཚོང་མཉམ་ལས་ལས་དོན་ལ་གྲོས་བསྡུར་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-07-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་ཕིན་ཕའེ་ཨོ་ཡིས་ཚེས་བཅུ་གསུམ་ཉིན་མའོ་ཞི་ཁོ་ལ་འཚམས་འདྲི་བྱས་པ་དང་། མེ་གླིང་བྱང་མའི་རང་དབང་ཉོ་ཚོང་གྲོས་ཆོད་དང་གནས་སྤོར་སྡོད་དམངས། བདེ་འཇགས་དང་མཐའ་མཚམས་སོགས་གྲོས་གཞིར་གྲོས་བསྡུར་བྱས།

ཕིན་ཕའེ་ཨོ་དང་དེའི་འཐུས་ཚབ་ཚོགས་པས་ཉིན་དེར་སྔ་གཞུག་ཏུ་མའོ་ཞི་ཁོའི་ད་ལྟའི་ཙུང་ཐུང་ཕའེ་ནེ་ཡཱ་དང་། གསར་དུ་བདམས་པའི་ཙུང་ཐུང་ལོ་ཕའེ་སི། ད་ལྟའི་ཕྱི་འབྲེལ་བློན་ཆེན་པུས་ཏི་ཅཱ་ལེ་བཅས་ལ་ཐུག་འཕྲད་བྱས། ཕིན་ཕའེ་ཨོ་ཡིས་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བསྟན་དོན། ཨ་མེ་རི་ཁ་དང་མའོ་ཞི་ཁོ་ནི་ཕན་ཚུན་གྱི་ཁྱིམ་མཚེས་གྲོགས་པོ་བཟང་བོ་ཡིན། མའོ་ཞི་ཁོ་ཡིས་ཨ་མེ་རི་ཁའི་ཆབ་སྲིད་དང་དཔལ་འབྱོར་ཁེ་ཕན། སྤྱི་ཚོགས་བདེ་འཇགས་བཅས་ལ་མཚོན་ན་གལ་འགངས་ཧ་ཅང་ཆེ་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།