ཀྲུང་གོ་བོད་ཀྱི་དྲ་བ།

སི་རི་ཡཱའི་བྱང་ཕྱོགས་ཀྱི་དམག་དོན་དམིགས་འབེན་ཞིག་ལ་དབྱི་སི་རལ་གྱི་འཕུར་མདའི་འཇབ་རྒོལ་ཐེབས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-07-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  སི་རི་ཡཱའི་བྱང་ཕྱོགས་ཀྱི་ཨ་ལེ་ཕའོ་ཞིང་ཆེན་གྱི་དམག་དོན་དམིགས་འབེན་ཞིག་ལ་ཚེས་བཅོ་ལྔ་ཉིན་གྱི་དགོང་མོར་དབྱི་སི་རལ་གྱི་འཕུར་མདའི་འཇབ་རྒོལ་ཐེབས།

བསྒྲགས་པ་ལྟར་ན། དབྱི་སི་རལ་གྱི་འཕུར་མདའ་མང་བོས་ཨ་ལེ་ཕའོ་ཞིང་ཆེན་གྱི་ནཱ་དབྱེ་ལཱ་པུའུ་གནམ་གྲུ་ཐང་བྱང་ངོས་ཀྱི་སྲིད་གཞུང་དམག་དཔུང་གི་རྟེན་གཞི་ཞིག་ལ་འཇབ་རྒོལ་བྱས་ཏེ། རྟེན་གཞི་དེའི་སྒྲིག་ཆས་ལ་གཏོར་བརླག་ཐེབས་ཟེར།

འབྲེལ་ཡོད་མི་སྣས་བཤད་རྒྱུར། དབྱི་སི་རལ་གྱི་འཇབ་རྒོལ་ནི་ཏི་ལཱ་ཞིང་ཆེན་དང་ཁུའུ་ནེ་ཐི་ལཱ་ཞིང་ཆེན་གྱི་འཇིགས་སྐུལ་ཉེས་ཅན་ལ་རྒྱབ་སྐྱོར་བྱས་པ་ཡིན་ཡང་། སི་རི་ཡཱའི་དམག་དཔུང་གི་དམག་དོན་འགུལ་སྐྱོད་སྔར་བཞིན་མུ་མཐུད་དུ་སྤེལ་རྒྱུ་ཡིན་ཟེར།

སི་རི་ཡཱའི་སྲིད་གཞུང་དམག་དཔུང་གིས་ཉེ་སྔོན་ལྷོ་ཕྱོགས་ཀྱི་སྲིད་གཞུང་ལ་ངོ་རྒོལ་བྱེད་པའི་དྲག་ཆས་པར་གཞི་རྒྱ་ཆེ་བའི་དམག་དོན་ཆམ་ཕབ་བཏང་། མིག་སྔར་དམག་དོན་འགུལ་སྐྱོད་དེ་ཏི་ལཱ་ཞིང་ཆེན་ནུབ་ཕྱོགས་དང་ཁུའུ་ནེ་ཐི་ལཱ་ཞིང་ཆེན་དུ་སྤེལ་བཞིན་ཡོད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།