ཀྲུང་གོ་བོད་ཀྱི་དྲ་བ།

ནེ་ཀྲི་རི་ཡཱའི་ནུབ་བྱང་ཕྱོགས་ས་ཁུལ་ནས་གྲུ་གཟིངས་ལོག་པའི་དོན་རྐྱེན་བྱུང་སྟེ་མི་ཉེར་གཅིག་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-08-04
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ནེ་ཀྲི་རི་ཡཱའི་སྲིད་གཞུང་གིས་ཚེས་གསུམ་ཉིན་བདེན་དཔང་བྱས་དོན། ནེ་ཀྲི་རི་ཡཱའི་བྱང་ཕྱོགས་ཀྱི་སོ་ཁི་ཐའོ་ཀྲིག་ནས་ཚེས་གཉིས་ཉིན་གྲུ་གཟིངས་ལོག་པའི་དོན་རྐྱེན་ཞིག་བྱུང་སྟེ། མི་ཉེར་གཅིག་ལ་རྨས་ཕོག་ཟེར། 

ནེ་ཀྲི་རི་ཡཱའི་བྲེལ་མྱུར་ལས་དོན་ཐག་གཅོད་ཁང་གིས་ཚེས་གསུམ་ཉིན་བཤད་རྒྱུར། མི་ལྔ་བཅུ་དྲུད་ཡོད་པའི་གྲུ་གཟིངས་ཤིག་ཚེས་གཉིས་ཉིན་གྱི་དགོང་མོར་སོ་ཁི་ཐའོ་ཀྲིག་ཏུ་དྲག་རླུང་དང་འཕྲད་དེ་ལོག་པ་རེད་ཟེར། བྲེལ་མྱུར་ལས་དོན་ཐག་གཅོད་ཁང་གི་དཔོན་པོ་ཁཱ་ལི་མུའུ་ཡིས་བཤད་རྒྱུར། དེའི་རྗེས་ཀྱི་རྒུད་སྐྱོབ་འགུལ་སྐྱོད་ཁྲོད་མི་ཉེར་དགུ་བསྐྱབས་པ་དང་། དེ་འཕྲོའི་མི་ཉེར་གཅིག་རྐྱེན་ལམ་དུ་ཤོར། འདས་པོའི་གྲས་སུ་བུད་མེད་དར་མ་བཅུ་བདུན་དང་བྱིས་པ་བཞི་འདུས་ཟེར། 

རྒྱུས་ལོན་བྱུང་བ་ལྟར་ན། རྐྱེན་ལམ་དུ་ཤོར་བའི་མི་མང་བོ་ནི་ཉེ་སྔོན་དྲག་ཆས་ཉེས་ཅན་གྱི་འཇབ་རྒོལ་ཐེབས་པའི་དབང་གིས་རང་ཁྱིམ་དང་ཁ་བྲལ་བ་ཡིན་ལ། དོན་རྐྱེན་བྱུང་བའི་སྐབས་སུ་ཁོ་ཚོ་གྲུ་གཟིངས་ལ་བསྡད་དེ་ཕྱིར་ཕ་ཡུལ་དུ་ལོག་བཞིན་ཡོད་པ་རེད། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།