ཀྲུང་གོ་བོད་ཀྱི་དྲ་བ།

ཨ་ཧྥུའུ་ཧན་གྱི་དབུ་བཞུགས་ལག་བསྟར་དཔོན་པོས་ཨ་མེ་རི་ཁ་དང་ཐཱ་ལེ་པན་གྱི་ཐད་ཀར་གྲོས་མོལ་བྱས་པ་བདེན་དཔང་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-08-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་ཧྥུའུ་ཧན་གསར་འགྱུར་ལས་རིགས་ཀྱིས་ཚེས་དྲུག་ཉིན་བསྒྲགས་པ་ལྟར་ན། ཨ་ཧྥུའུ་ཧན་གྱི་དབུ་བཞུགས་ལག་བསྟར་དཔོན་པོ་ཨ་པུའུ་ཏུའུ་ལཱ་ཡིས་ཉིན་དེར་བདེན་དཔང་བྱས་དོན། ཨ་མེ་རི་ཁ་ཕྱོགས་ཀྱིས་ཅང་མ་འགོར་བའི་སྔོན་ཨ་ཧྥུའུ་ཧན་གྱི་ཐཱ་ལེ་པན་རྩ་འཛུགས་དང་མཉམ་དུ་ཁཱ་ཐར་ནས་ཐད་ཀར་གྲོས་མོལ་བྱས་པ་དང་། ཨ་ཧྥུའུ་ཧན་སྲིད་གཞུང་གིས་ཕྱོགས་གཉིས་ཀྱི་གྲོས་མོལ་ནང་དོན་ལ་རྒྱུས་ལོན་ཅུང་ཙམ་བྱུང་ཡོད་ཟེར། 

ཨ་ཧྥུའུ་ཧན་ཨ་ལི་ཡཱ་ནཱ་གསར་འགྱུར་ཁང་གིས་བསྒྲགས་པ་ལྟར་ན། ཨ་པུའུ་ཏུའུ་ལཱ་ནེ་ཀིའི་གྲོས་ཚོགས་ལ་ཞུགས་སྐབས་གོང་གི་རྣམ་འགྱུར་དེ་བསྟན་པ་རེད། ཁོས་བཤད་རྒྱུར། ཨ་ཧྥུའུ་ཧན་སྲིད་གཞུང་གིས་ཞི་བའི་གྲོས་མོལ་གནད་དོན་ཐད་ནས་ཐཱ་ལེ་པན་བར་སྒོ་གླེགས་ཡངས་པོར་ཕྱེས་ཡོད་པ་དང་། ནམ་རྒྱུན་ཐཱ་ལེ་པན་གྱིས་དམག་དོན་འཐབ་རྩོད་བསྐྱུར་ནས་སྔ་མོ་ནས་རྒྱལ་ཁབ་ཀྱི་ཞི་བདེའི་འཕེལ་རིམ་ནང་ཞུགས་པར་སྐུལ་མ་གཏོང་བཞིན་ཡོད་ཟེར། 

ཨ་པུའུ་ཏུའུ་ལཱ་ཡིས་ད་རུང་བསྟན་དོན། ཨ་ཧྥུའུ་ཧན་སྲིད་གཞུང་གིས་དུས་ནམ་ཡང་ས་ཁུལ་གང་རུང་ཐཱ་ལེ་པན་ལ་བདག་དམ་བྱེད་དུ་སྤྲོད་མི་སྲིད་པ་དང་། རྒྱལ་ཁབ་ཀྱི་ལམ་ལུགས་དང་འགལ་བའི་བྱེད་ཐབས་གང་རུང་ལ་མཐའ་གཅིག་ཏུ་ངོ་རྒོལ་བྱེད་བཞིན་ཡོད་ཟེར། 
བསྒྲགས་པ་ལྟར་ན། ཨ་མེ་རི་ཁ་ཕྱོགས་ཀྱིས་ད་ལོའི་ཟླ་བདུན་པའི་ཟླ་སྨད་དུ་ཨ་ཧྥུའུ་ཧན་གྱི་ཐཱ་ལེ་པན་རྩ་འཛུགས་དང་མཉམ་དུ་ཁཱ་ཐར་གྱི་རྒྱལ་ས་ཏའོ་ཧཱ་ནས་ཕྱི་ཕྱོགས་ལ་ཁྱབ་སྒྲོག་མ་བྱས་པའི་གྲོས་མོལ་སྤེལ་བ་རེད། དེའི་ནང་དོན་གཙོ་བོ་ནི་ཨ་མེ་རི་ཁས་ཨ་ཧྥུའུ་ཧན་ནས་དམག་དཔུང་ཕྱིར་འཐེན་བྱེད་པ་དང་། ཐཱ་ལེ་པན། ཨ་ཧྥུའུ་ཧན་སྲིད་གཞུང་དམག་དཔུང་གིས་འཁྲུག་རྩོད་མཚམས་འཇོག་པ་སོགས་འདུས། 

དབྱེ་ཞིབ་མི་སྣས་བལྟས་ན། གལ་ཏེ་དོན་དེ་བདེན་པ་ཡིན་ན། ཨ་མེ་རི་ཁའི་ཨ་ཧྥུའུ་ཧན་གྱི་འཐབ་འཇུས་འགྱུར་བཞིན་ཡོད་པ་དང་། དེའི་སྔོན་ཨ་མེ་རི་ཁས་དུས་ཡུན་རིང་བོར་ཐཱ་ལེ་པན་བར་ཐད་ཀར་གྲོས་མོལ་བྱེད་པར་ཁས་ལེན་མ་བྱས་ལ། ཨ་ཧྥུའུ་ཧན་གྱི་ཞི་བའི་གནད་དོན་གྱི་གྲོས་མོལ་ལ་ངེས་པར་དུ་ཨ་ཧྥུའུ་ཧན་ཞུགས་དགོས་པའི་འདོད་བློ་བཏོན་ཡོད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།