ཀྲུང་གོ་བོད་ཀྱི་དྲ་བ།

ཨུ་རུ་སིའི་ཙུང་ལི་གཞོན་པས་ཨུ་རུ་སིའི་སྲིད་གཞུང་གིས་ཆེ་མཐོང་དཔལ་འབྱོར་གྱི་གཏན་འཇགས་སྲུང་འཛིན་བྱེད་ཐུབ་པའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-08-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སིའི་ཙུང་ལི་གཞོན་པ་དང་ནོར་སྲིད་བློན་ཆེན་གྱི་འགན་གཅིག་ལྕོགས་སུ་ཁུར་མཁན་ཞི་ལུའུ་ཨན་ནོའུ་ཧྥུའུ་ཡིས་ཚེས་བཅུའི་ཉིན་བསྟན་དོན། ཉེ་བའི་ལོ་འགའི་རིང་ལ། ཨུ་རུ་སིའི་དཔལ་འབྱོར་གྱི་ཕྱི་ཕྱོགས་ཁོར་ཡུག་དང་བསྟུན་པའི་རང་བཞིན་ཇེ་མཐོར་སོང་བ་དང་། ཁྱད་པར་དུ་རྒྱལ་སྤྱིའི་རྡོ་སྣུམ་རིན་གོང་ལ་འགྱུར་ལྡོག་བྱུང་བ་དང་ནུབ་ཕྱོགས་རྒྱལ་ཁབ་དག་གིས་ཨུ་རུ་སི་ལ་བཀག་སྡོམ་བྱེད་ཐབས་སྤྱོད་པར་ཁ་གཏད་འཇལ་བའི་ཕྱོགས་ནས། ཨུ་རུ་སིའི་སྲིད་གཞུང་གིས་མིག་སྔའི་ཆེ་མཐོང་དཔལ་འབྱོར་གྱི་གཏན་འཇགས་སྲུང་འཛིན་བྱེད་ཐུབ་ཟེར། 

ཞི་ལུའུ་ཨན་ནོའུ་ཧྥུའུ་ཡིས་བཤད་རྒྱུར། མིག་སྔའི་ཨུ་རུ་སིའི་ཕྱི་དངུལ་ཚོང་རའི་འཕེལ་འགྲིབ་དེ་ཨ་མེ་རི་ཁས་ཨུ་རུ་སི་ལ་བཀག་སྡོམ་བྱེད་ཐབས་གསར་བ་ལག་བསྟར་བྱས་པ་དང་འཛམ་གླིང་གི་དཔལ་འབྱོར་གནས་བབ་གཏན་འཇགས་མིན་པ་སོགས་ལ་འབྲེལ་བ་ཡོད། ཨུ་རུ་སིའི་སྲིད་གཞུང་དང་ཀྲུང་དབྱང་དངུལ་ཁང་གིས་ཚོང་རའི་གནས་བབ་དང་དམ་འབྲེལ་བྱས་ཏེ། མེད་དུ་མི་རུང་བའི་ཡོ་བྱད་ཚང་མ་ཁོང་དུ་ཆུད་པར་བྱས་ནས་ཨུ་རུ་སིའི་ཆེ་མཐོང་དཔལ་འབྱོར་གྱི་གཏན་འཇགས་སྲུང་འཛིན་བྱེད་རྒྱུ་ཡིན་པ་དང་། དགོས་པ་ཡོད་པའི་སྐབས་སུ་ཨུ་རུ་སིའི་སྲིད་གཞུང་གིས་བྱེད་ཐབས་སྤྱོད་ངེས་ཡིན་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།