ཀྲུང་གོ་བོད་ཀྱི་དྲ་བ།

འཇར་པན་ཆོན་མཱ་རྫོང་ནས་གྱེན་འཕུར་གནམ་གྲུ་ཞིག་སར་ལྷུང་སྟེ་མི་དགུ་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-08-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། འཇར་པན་ཆོན་མཱ་རྫོང་གིས་ཚེས་བཅུ་གཅིག་ཉིན་བསྒྲགས་པ་ལྟར་ན། ཚེས་བཅུ་ཉིན་སར་ལྷུང་བའི་གནོད་འགོག་རྒུད་སྐྱོབ་ཀྱི་གྱེན་འཕུར་གནམ་གྲུའི་སྟེང་གི་མི་དགུ་བོ་ཚང་མ་རྐྱེན་ལམ་དུ་ཤོར་ཟེར། 

བསྒྲགས་པ་ལྟར་ན། རྒུད་སྐྱོབ་མི་སྣས་ཚེས་བཅུ་གཅིག་ཉིན་གྱེན་འཕུར་གནམ་གྲུའི་ཆོག་རོའི་ཉེ་འདབས་ནས་ཆེས་མཇུག་མཐའི་གནམ་གྲུའི་སྟེང་མི་སྣ་གཅིག་གི་བེམ་པོ་རྙེད་པས། གནམ་གྲུའི་སྟེང་གི་མི་དགུ་བོ་ཚང་མ་རྐྱེན་ལམ་དུ་ཤོར་བ་བདེན་དཔང་བྱས། 

འཇར་པན་སྐྱེལ་འདྲེན་བདེ་འཇགས་ཨུ་ཡོན་ལྷན་ཁང་གིས་མཁའ་འགྲུལ་དོན་རྐྱེན་གྱི་རྟོག་ཞིབ་མི་སྣ་ཡུལ་དངོས་སུ་མངག་ནས་དོན་རྐྱེན་དེའི་འབྱུང་རྐྱེན་ལ་བརྩད་གཅོད་དུ་བཅུག 

གྱེན་འཕུར་གནམ་གྲུ་དེ་ནི་ཚེས་བཅུ་ཉིན་གྱི་སྔ་དྲོའི་དུས་ཚོད་དགུའི་ཡས་མས་སུ་ཆོན་མཱ་རྫོང་གི་ཆན་ཆའོ་གྲོང་ཁྱེར་ནས་འཕུར་བ་དང་། ཚེས་བཅུ་གཅིག་ཉིན་དངོས་སུ་ཡོངས་འགྲུབ་བྱེད་པའི་ཆོན་མཱ་དང་ཁྲ་ཡེ། ཞིན་ཞེ་བཅས་རྫོང་གསུམ་བར་གྱི་རི་ལམ་ཞིག་ལ་ཞིབ་བཤེར་བྱེད་དུ་སོང་ལ། དུས་ཚོད་བཅུ་ཡས་མས་སུ་ས་ངོས་དང་འབྲེལ་ཐག་ཆད་པ་རེད།   །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།