ཀྲུང་གོ་བོད་ཀྱི་དྲ་བ།

ཨེ་ཅིབ་བདེ་འཇགས་དམག་དཔུང་གིས་ཞི་ནེ་ཕྱེད་གླིང་ནས་ཐལ་སྤྱོད་རྩ་འཛུགས་ཀྱི་དྲག་ཆས་ཉེས་ཅན་བཅུ་གཉིས་བསད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-08-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གཏོར་གཟུགས་མཆོད་རྟེན་ཚགས་པར་གྱིས་ཚེས་བཅུ་གཉིས་ཉིན་བསྒྲགས་པ་ལྟར་ན། ཨེ་ཅིབ་བདེ་འཇགས་དམག་དཔུང་གིས་ཉིན་དེར་ཞི་ནེ་ཕྱེད་གླིང་བྱང་ངོས་ཀྱི་ཐལ་སྤྱོད་རྩ་འཛུགས་སྦས་སྐོང་བྱེད་ས་ཞིག་ལ་ཐོལ་རྒོལ་བྱས་ཏེ། ཐལ་སྤྱོད་རྩ་འཛུགས་ཀྱི་དྲག་ཆས་མི་སྣ་བཅུ་གཉིས་བསད་ཟེར། 

བསྒྲགས་པ་ལྟར་ན། ཐལ་སྤྱོད་ཉེས་ཅན་སྦས་སྐོང་བྱེད་ས་དེ་ཞི་ནེ་བྱང་མ་ཞིང་ཆེན་གྱི་ལྟེ་གནས་གྲོང་ཁྱེར་ཨ་ལི་ཧྲི་རུ་ཡོད་པ་དང་། བདེ་འཇགས་དམག་དཔུང་ལ་གསང་འཕྲིན་འབྱོར་རྗེས་ས་ཁུལ་དེར་ཐོལ་རྒོལ་བྱས་ཏེ་ཐལ་སྤྱོད་ཉེས་ཅན་བར་འཁྲུག་རྩོད་བྱས་པ་རེད་ཟེར། 

ཨེ་ཅིབ་བདེ་འཇགས་དམག་དཔུང་གིས་ད་རུང་ཡུལ་དངོས་ནས་མེ་མདའ་བཞི་དང་འགས་གཏོར་སྒྲིག་ཆས་ཆ་ཚང་གཉིས། དེ་མིན་འགད་རྫས་སོགས་གཞུང་བཞེས་བྱས།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།