ཀྲུང་གོ་བོད་ཀྱི་དྲ་བ།

ཕེ་རུའི་རྒྱང་བཞུད་འགྲུལ་སྐྱེལ་རླངས་འཁོར་ཞིག་གྲོག་རོང་དུ་ལྷུང་ནས་མི་བཅོ་ལྔ་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-08-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས་བཅུ་གཉིས་ཉིན་བསྒྲགས་པ་ལྟར་ན། ཕེ་རུའི་ནུབ་ཕྱོགས་ཀྱི་ཨན་ཁཱ་ཧྲི་ཞིང་ཆེན་ནས་ཉིན་དེར་འགྲིམ་འགྲུལ་དོན་རྐྱེན་ཚབས་ཆེན་ཞིག་བྱུང་། རྒྱང་བཞུད་འགྲུལ་སྐྱེལ་རླངས་འཁོར་ཞིག་རི་ལམ་བརྒྱུད་སྐབས་གྲོག་རོང་དུ་ལྷུང་ནས། ཉུང་མཐར་ཡང་མི་བཅོ་ལྔ་རྐྱེན་ལམ་དུ་ཤོར་བ་དང་། མི་ཉེར་ལྔར་རྨས་ཕོག་ཡོད་ཟེར། 

ཨན་ཁཱ་ཧྲི་ཞིང་ཆེན་གྱི་ཉེན་རྟོག་ཅུའུ་ཡི་ཅུའུ་ཀྲང་ཨེ་སི་ལཱ་ཝ་ཡིས་བཤད་རྒྱུར། ཕེ་རུའི་རྒྱལ་ས་ལེ་མཱ་རུ་བགྲོད་པའི་རྒྱང་བཞུད་འགྲུལ་སྐྱེལ་རླངས་འཁོར་ཞིག་ཚེས་བཅུ་གཉིས་ཉིན་གྱི་སྔ་དྲོར་ཨན་ཁཱ་ཧྲི་ཞིང་ཆེན་མངའ་ཁོངས་ཀྱི་རི་ལམ་ཞིག་བརྒྱུད་སྐབས་གློ་བུར་དུ་ཁ་ལོ་བྱེད་ཐབས་བྲལ་ནས་གཏིང་ཚད་ལ་རྨིད་བརྒྱ་ལྷག་ཡོད་པའི་གྲོག་རོང་དུ་ལྷུང་བ་རེད་ཟེར། 

ཉེན་རྟོག་ཕྱོགས་ཀྱིས་བཤད་རྒྱུར། འདས་པོའི་གྲས་སུ་བྱིས་པ་གསུམ་ཡོད་པ་དང་། མིག་སྔར་དོན་རྐྱེན་དེའི་འབྱུང་རྐྱེན་ལ་རྟོག་ཞིབ་བྱེད་བཞིན་ཡོད་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།