ཀྲུང་གོ་བོད་ཀྱི་དྲ་བ།

ཀུའུ་ཐི་ལོས་སི་ཡིས་ཨུ་རུ་སི་དང་ཐུར་ཁེ་ཡིས་སི་རི་ཡཱའི་དབྱེ་ཏི་ལེ་པུའུ་ཞིང་ཆེན་ནས་དམག་དོན་མིན་པའི་ས་ཁུལ་འཛུགས་པའི་གྲོས་མཐུན་བཀོད་པར་དགའ་བསུ་ཞུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-09-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ཡིས་ཚེས་བཅོ་བརྒྱད་ཉིན་མགྲིན་ཚབ་པ་བརྒྱུད་དེ་གསལ་སྒྲོག་སྤེལ་ནས། ཨུ་རུ་སི་དང་ཐུར་ཁེ་ཡིས་ཚེས་བཅུ་བདུན་ཉིན་སི་རི་ཡཱའི་དབྱེ་ཏི་ལེ་པུའུ་ཞིང་ཆེན་ནས་དམག་དོན་མིན་པའི་ས་ཁུལ་འཛུགས་པའི་གྲོས་མཐུན་བཀོད་པར་དགའ་བསུ་ཞུས། 

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོའི་མགྲིན་ཚབ་པ་ཏིས་ཡཱ་ལི་ཁི་ཡིས་གསལ་སྒྲོག་ནང་བཤད་རྒྱུར། ཀུའུ་ཐི་ལོས་སི་ཡིས་ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་དང་ཐུར་ཁེའི་ཙུང་ཐུང་ཨེ་ཨར་ཏའོ་ཨན་གྱིས་སི་རི་ཡཱའི་དབྱེ་ཏི་ལེ་པུའུ་ཞིང་ཆེན་དུ་དམག་དོན་མིན་པའི་ས་ཁུལ་འཛུགས་པའི་གྲོས་མཐུན་བཀོད་པར་དགའ་བསུ་ཞུ་བཞིན་ཡོད་པ་དང་། དམག་དོན་མིན་པའི་ས་ཁུལ་དེས་དབྱི་ཏི་ལེ་པུའུ་ཞིང་ཆེན་ལ་དམིགས་པའི་དམག་དོན་འགུལ་སྐྱོད་འབྱུང་བར་སྔོན་འགོག་བྱས་ཏེ། ཞིང་ཆེན་དེའི་སྡོད་དམངས་ས་ཡ་མང་བོར་གནོད་འཚེ་མི་ཐེབས་པར་བྱེད་ཐུབ་པར་ཡིད་ཆེས་ཡོད་ཟེར། 

གསལ་སྒྲོག་ལས་བཤད་རྒྱུར། ཀུའུ་ཐི་ལོས་སི་ཡིས་སི་རི་ཡཱའི་ཕྱོགས་ཁག་སོ་སོས་གྲོས་མཐུན་དེ་ལག་བསྟར་བྱས་ཏེ། མི་ཆོས་རིང་ལུགས་ཀྱི་རོགས་སྐྱོབ་རྒྱུ་ལམ་གྱི་བདེ་འཇགས་ལ་འགན་སྲུང་བྱེད་དགོས་པའི་འབོད་སྐུལ་བཏང་། ཀུའུ་ཐི་ལོས་སི་ཡིས་ནན་གྱིས་བསྟན་དོན། མྱུར་མོར་བྱེད་ཐབས་སྤྱད་དེ་སི་རི་ཡཱའི་འཁྲུག་རྩོད་ཀྱི་འབྱུང་རྩ་ཐག་གཅོད་བྱས་ནས་རྒྱུན་མཐུད་ཀྱི་ཆབ་སྲིད་ཐག་གཅོད་ཇུས་གཞི་འགོད་དགོས་ཟེར།   །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།