ཀྲུང་གོ་བོད་ཀྱི་དྲ་བ།

ཕཱ་ལེ་སི་ཐན་གྱིས་ཨ་མེ་རི་ཁ་བཅའ་ཁྲིམས་ཀྱི་འགན་འཁྲི་ལ་ཡོལ་བར་སྐྱོན་བརྗོད་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-10-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཕཱ་ལེ་སི་ཐན་གྱི་ཕྱི་འབྲེལ་བློན་ཆེན་མཱ་ལེ་ཅི་ཡིས་ཚེས་བཞིའི་ཉིན་བཤད་རྒྱུར། ཨ་མེ་རི་ཁས་ཝེ་ཡེ་ནཱའི་ཕྱི་ཕྱོགས་འབྲེལ་བའི་སྤྱི་ཆིངས་ཀྱི་འབྲེལ་ཡོད་གྲོས་ཆོད་ཡི་གེ་ལས་ཕྱིར་འབུད་རྒྱུར་ཐག་བཅད་པ་ནི་བཅའ་ཁྲིམས་ཀྱི་འགན་འཁྲི་ལ་ཡོལ་བའི་བྱ་སྤྱོད་ཅིག་ཡིན་ཟེར། 

མཱ་ལེ་ཅི་ཡིས་ཉིན་དེར་གསལ་སྒྲོག་སྤེལ་ཏེ། ཨ་མེ་རི་ཁའི་ཆོད་དོན་དེ་ལས་ཨ་མེ་རི་ཁར་བཅའ་ཁྲིམས་ཀྱི་ཚོད་འཛིན་ཐེབས་མེད་པ་དང་། རྒྱལ་སྤྱིའི་ཁྲིམས་ཁང་གི་ཡིད་རྟོན་ནུས་པར་དོགས་པ་ཟ་བཞིན་ཡོད་པ་དེ་ནི་རྒྱལ་སྤྱིའི་བཅའ་ཁྲིམས་དང་རྒྱལ་སྤྱིའི་སྒྲིག་ལམ་གྱི་མཐོང་ཆུང་དང་གཏོར་བརླག་གི་བྱ་སྤྱོད་ཅིག་ཡིན་པ་བདེན་དཔང་བྱས་ཡོད་ཟེར། 
མཱ་ལེ་ཅི་ཡིས་ནན་གྱིས་བསྟན་དོན། ཨ་མེ་རི་ཁས་དབྱི་སི་རལ་གྱིས་ཡིའུ་ཐེ་བའི་གཏན་སྡོད་ས་ཁུལ་འཛུགས་པ་དང་ཕཱ་ལེ་སི་ཐན་མི་དམངས་ལ་གནོད་སྐྱེལ་བར་རྒྱབ་སྐྱོར་བྱས་པ་ནི་རྒྱལ་སྤྱིའི་སྒྲིག་ལམ་ལ་གཏོར་བརླག་བྱེད་པའི་སྣང་ཚུལ་ཞིག་ཡིན། ཕཱ་ལེ་སི་ཐན་ཕྱོགས་ཀྱིས་རྒྱལ་སྤྱིའི་བཅའ་ཁྲིམས་གཞིར་བཟུང་ནས། རྩོད་གླེང་ཐག་གཅོད་བྱེད་པའི་ད་ཡོད་ཀྱི་རྒྱལ་སྤྱིའི་རྐྱེན་སྲོལ་བེད་སྤྱད་དེ། ཕཱ་ལེ་སི་ཐན་མི་དམངས་ཀྱི་ཁེ་དབང་ལ་སྲུང་སྐྱོབ་བྱེད་རྒྱུ་ཡིན་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།