ཀྲུང་གོ་བོད་ཀྱི་དྲ་བ།

སུའུ་ཏན་སྲིད་གཞུང་གིས་སྲིད་གཞུང་ལ་ངོ་རྒོལ་བྱེད་པའི་དྲག་ཆས་པས་ཚོད་འཛིན་བྱེད་པའི་ས་ཁུལ་གྱི་མི་སེར་དཀྱུས་མར་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་འདོན་སྤྲོད་བྱེད་འདོད་ཡོད་པ་བསྐྱར་སྒྲོག་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-10-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སུའུ་ཏན་སྲིད་གཞུང་གིས་ཚེས་བརྒྱད་ཉིན་མཉམ་འབྲེལ་རྒྱལ་ཚོགས་བར་མཉམ་ལས་བྱས་ཏེ། རྒྱལ་ཁབ་དེའི་མངའ་ཁོངས་ཀྱི་ནན་ཁི་ཨར་ཏའོ་ཧྥན་ཀྲིག་དང་ཆིན་ནེ་ལོ་ཀྲིག་གི་སྲིད་གཞུང་ལ་ངོ་རྒོལ་བྱེད་པའི་དྲག་ཆས་པས་ཚོད་འཛིན་ས་ཁུལ་གྱི་མི་སེར་དཀྱུས་མར་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་འདོན་སྤྲོད་བྱེད་རྒྱུ་མ་ཟད། ས་དེའི་མང་ཚོགས་ལ་འགོག་སྨན་བརྒྱག་འདོད་ཡོད་པ་བསྐྱར་སྒྲོག་བྱས། 

སུའུ་ཏན་འཕྲོད་བསྟེན་པུའུ་ཀྲང་མུའུ་སི་ཐཱ་ཧྥ་ཡིས་ཚེས་བརྒྱད་ཉིན་བསྟན་དོན། ཉེ་སྔོན་སུའུ་ཏན་སྲིད་གཞུང་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་བཀོད་པའི་འབྲེལ་ཡོད་གྲོས་ཆོད་ལ་དགའ་བསུ་ཞུ་བཞིན་ཡོད་པ་དང་། མི་འགྱངས་པར་སྲིད་གཞུང་ལ་ངོ་རྒོལ་བྱེད་པའི་དྲག་ཆས་པ་སུའུ་ཏན་མི་དམངས་བཅིངས་འགྲོལ་ལས་འགུལ་གྱིས་ཚོད་འཛིན་བྱེད་པའི་ཆིན་ནེ་ལོ་ཀྲིག་དང་ནན་ཁི་ཨར་ཏའོ་ཧྥན་ཀྲིག་གི་ས་ཁུལ་སྐོར་ཞིག་ནས་ས་དེའི་མི་སེར་དཀྱུས་མར་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་འདོད་བྱེད་རྒྱུ་མ་ཟད། འགོག་སྨན་བརྒྱག་པའི་བྱ་འགུལ་སྤེལ་རྒྱུ་རེད། ཁོས་སྲིད་གཞུང་ལ་ངོ་རྒོལ་བྱེད་པའི་དྲག་ཆས་པས་སུའུ་ཏན་མི་དམངས་སྤྱིར་ཕན་པའི་ཁེ་ཕན་ལ་བསམ་བློ་བཏང་སྟེ། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ས་དེའི་མི་སེར་དཀྱུས་མར་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་དང་འགོག་སྨན་བརྒྱག་པར་འཐད་པ་འབྱུང་དགོས་པའི་སྐུལ་མ་བཏང་བར་མ་ཟད། སུའུ་ཏན་འཕྲོད་བསྟེན་པུའུ་ཡིས་འཐད་པ་བྱུང་དུ་བཅུག་རྗེས་འབྲེལ་ཡོད་བྱ་བ་བབ་བསྟུན་གྱིས་སྤེལ་རྒྱུ་ཡིན་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།