བྷང་ག་ལཱ་རྒྱལ་ཁབ་ཀྱིས་ཟླ་བཅུ་གཉིས་པར་རྒྱལ་དམངས་གྲོས་ཁང་གི་འདེམ་བསྐོའི་བྱ་འགུལ་སྤེལ་རྒྱུ་རེད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  བྷང་ག་ལཱའི་འདེམ་བསྐོ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཧུའུ་ཏཱ་ཡིས་ཚེས་བརྒྱད་ཉིན་གྱི་དགོང་མོར་ཁྱར་སྒྲོག་བྱས་དོན། བྷང་ག་ལཱ་རྒྱལ་ཁབ་ཀྱི་སྐབས་བཅུ་གཅིག་པའི་རྒྱལ་དམངས་གྲོས་ཁང་གི་འདེམ་བསྐོའི་བྱ་འགུལ་དེ་ཟླ་བཅུ་གཉིས་པའི་ཚེས་ཉེར་གསུམ་ཉིན་སྤེལ་རྒྱུ་ཡིན་ཟེར། 

སྤྱི་སྒྲོག་གི་ཉིན་རིམ་ལྟར་ན། འདེམ་བསྐོ་ལ་ཞུགས་འདོད་མཁན་ཚོས་ཟླ་བཅུ་གཅིག་པའི་ཚེས་བཅུ་དགུའི་ཉིན་གྱི་སྔོན་ལ་རེ་ཞུ་སྤྲོད་དགོས་པ་རེད། 
ཧུའུ་ཏཱ་ཡིས་ཏང་ཁག་སོ་སོ་ཐེངས་འདིའི་འདེམ་བསྐོ་ལ་ཞུགས་དགོས་པའི་འབོད་སྐུལ་བཏང་། ཁོས་བསྟན་དོན། སྐབས་ཐོག་དེར་མཐའ་སྲུང་དམག་དཔུང་དང་མཚོ་འགྲམ་ཉེན་སྲུང་རུ་ཁག་སོགས་བདེ་འཇགས་དམག་དཔུང་ཆེད་དུ་བཀོད་སྒྲིག་བྱས་ཏེ། འདེམ་བསྐོའི་བྱ་འགུལ་བདེ་བླག་ངང་སྤེལ་བར་འགན་སྲུང་བྱེད་རྒྱུ་ཡིན་ཟེར། 
བྷང་ག་ལཱ་སྲིད་འཛིན་ཏང་མི་དམངས་མནའ་འབྲེལ་གྱིས་འདེམ་བསྐོའི་དུས་ཚོད་ཁྱབ་སྒྲོག་བྱས་རྗེས་དགའ་བསུ་བྱེད་པའི་ཚུལ་བསྟན། མི་དམངས་མནའ་འབྲེལ་ལ་ཉིས་སྟོང་དགུ་ལོའི་འདེམ་བསྐོའི་ཆེན་མོའི་ཁྲོད་རྒྱལ་ཁ་ཐོབ་པ་དང་། ཉིས་སྟོང་བཅུ་བཞི་ལོའི་འདེམ་བསྐོའི་ཁྲོད་ཡང་བསྐྱར་བདམས་ཐོན་བྱུང་། ཉེ་སྔོན་སྐབས་བཅུ་གཅིག་པའི་གྲོས་ཁང་འདེམ་བསྐོའི་ཁྲོད་རྒྱལ་ཁ་ལོན་པར་བརྩོན་ལེན་བྱེད་བཞིན་ཡོད།


རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།