ཀྲུང་གོ་བོད་ཀྱི་དྲ་བ།

ཨུ་རུ་སིའི་ཕྱི་འབྲེལ་བློན་ཆེན་གྱིས་ནུབ་ཕྱོགས་རྒྱལ་ཁབ་དག་གིས་པཱ་ཨར་ཀན་ས་ཁུལ་དེ་ཨུ་རུ་སི་ལ་ངོ་རྒོལ་བྱེད་པའི་རྟེན་གཞིར་འགྱུར་དུ་འཇུག་རྩིས་ཡོད་པའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-11-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨུ་རུ་སིའི་ཕྱི་འབྲེལ་བློན་ཆེན་ལཱ་ཧྥུའུ་ལོ་ཧྥུའུ་ཡིས་ཚེས་བཅུ་བདུན་ཉིན་བསྟན་དོན། ནུབ་ཕྱོགས་རྒྱལ་ཁབ་དག་གིས་པཱ་ཨར་ཀན་ཕྱེད་གླིང་དེ་ཨུ་རུ་སི་ལ་ངོ་རྒོལ་བྱེད་པའི་རྟེན་གཞིར་འགྱུར་དུ་འཇུག་རྩིས་ཡོད་པའི་ཚུལ་བསྟན་པ་དང་། ཞོར་དུ་སེར་ཝེ་ཡཱའི་ཕྱོགས་མང་ཕྱི་འབྲེལ་སྲིད་ཇུས་ལ་གཟེངས་བསྟོད་བྱས། 

ལཱ་ཧྥུའུ་ལོ་ཧྥུའུ་ཡིས་བཅར་འདྲི་དང་ལེན་བྱེད་སྐབས་བཤད་རྒྱུར། ནུབ་ཕྱོགས་རྒྱལ་ཁབ་དག་གིས་པཱ་ཨར་ཀན་ཕྱེད་གླིང་དེ་ཨུ་རུ་སི་ལ་ངོ་རྒོལ་བྱེད་པའི་རྟེན་གཞིར་འགྱུར་དུ་འཇུག་རྩིས་ཡོད་པ་དང་། པཱ་ཨར་ཀན་ཕྱེད་གླིང་གི་རྒྱལ་ཁབ་དག་གིས་ནུབ་ཕྱོགས་རྒྱལ་ཁབ་དང་་ཨུ་རུ་སིའི་བར་ནས་གདམ་གསེས་བྱ་དགོས་པའི་རེ་བ་བཏོན། 
ལཱ་ཧྥུའུ་ལོ་ཧྥུའུ་ཡིས་བཤད་རྒྱུར། སེར་ཝེ་ཡཱ་སྲིད་གཞུང་གིས་ཀྱང་ནུབ་ཕྱོགས་རྒྱལ་ཁབ་དག་གིས་ཨུ་རུ་སིའི་བར་གྱི་མཉམ་ལས་མཚམས་འཇོག་དགོས་པའི་གནོན་ཤུགས་བྱིན་པ་ཁས་བླངས་ཡོད་ཟེར། ཁོས་བཤད་རྒྱུར། མའོ་སི་ཁི་ཡིས་སེར་ཝེ་ཡཱའི་སྲིད་གཞུང་གིས་ལག་བསྟར་བྱས་པའི་ཕྱོགས་མང་ཕྱི་འབྲེལ་སྲིད་ཇུས་ལ་གཟེངས་བསྟོད་ཆེན་པོ་བྱེད་བཞིན་ཡོད། དེ་སེར་ཝེ་ཡཱའི་མི་དམངས་ཀྱི་གཞི་རྩའི་ཁེ་ཕན་དང་འཚམ་ཟེར། 
ལཱ་ཧྥུའུ་ལོ་ཧྥུའུ་ཡིས་བསྟན་དོན། ཉིས་སྟོང་བཅུ་བཞི་ལོར། ཨ་མེ་རི་ཁ་དང་ཡོ་རོབ་གླིང་གི་རྒྱལ་ཁབ་སྐོར་ཞིག་གིས་ཝུའུ་ཁི་ལན་ནས་དྲག་ཆས་སྲིད་འགྱུར་ལ་ཇུས་འགོད་བྱས་ཏེ། ཝུའུ་ཁི་ལན་དེ་དར་རྒྱས་ཀྱི་རྒྱལ་ཁབ་ཅིག་ནས་དུས་ཡུན་རིང་བོར་ནང་འཁྲུག་འབྱུང་བའི་རྒྱལ་ཁབ་ཅིག་ཏུ་བསྒྱུར་ཡོད། དེ་ལས་ཝུའུ་ཁི་ལན་དེ་ནུབ་ཕྱོགས་རྒྱལ་ཁབ་དག་གིས་ཨུ་རུ་སི་ལ་ངོ་རྒོལ་བྱེད་པའི་སྲིད་ཇུས་རྒྱུན་འཁྱོངས་བྱས་པའི་ལྡོག་ཕྱོགས་ཀྱི་དཔེ་གཞི་ཞིག་ཏུ་འགྱུར་བར་བྱས་ཡོད་ཀྱང་། ནུབ་ཕྱོགས་རྒྱལ་ཁབ་དག་གིས་ཝུའུ་ཁི་ལན་གྱི་སྐྱོ་གར་ལས་བསླབ་བྱ་བསྡུ་ལེན་བྱས་མེད་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།