ཀྲུང་གོ་བོད་ཀྱི་དྲ་བ།

པཱ་ཞིའི་བྱང་ཕྱོགས་ཀྱི་ཨ་ཁི་ལི་ཀྲིག་ནས་ཚད་རིམ་དྲུག་དང་གྲངས་ཆུང་བརྒྱད་ཀྱི་ས་འགུལ་བྱུང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-01-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  པཱ་ཞིའི་བྱང་ཕྱོགས་ཀྱི་ཨ་ཁི་ལི་ཀྲིག་ནས་ཚེས་ལྔ་ཉིན་ཚད་རིམ་དྲུག་དང་གྲངས་ཆུང་བརྒྱད་ཀྱི་འགུལ་བྱུང་བ་དང་། མིག་སྔར་མི་སྣར་ཤི་རྨས་ཐེབས་པའི་སྙན་ཞུ་བསྒྲགས་མེད། 

བསྒྲགས་པ་ལྟར་ན། ས་འགུལ་དེ་པེ་ཅིང་དུས་ཚོད་ཀྱི་ཚེས་དྲུག་ཉིན་གྱི་ཞོགས་པའི་དུས་ཚོད་གསུམ་དང་དང་སྐར་མ་ཉེར་ལྔའི་སྟེང་བྱུང་བ་དང་། ས་འགུལ་བྱུང་ས་གཙོ་བོ་དེ་ཨ་ཁི་ལི་ཀྲིག་གི་ཐཱ་ལའོ་ཨ་ཁཱ་གྲོང་ཁྱེར་ནུབ་ངོས་ཀྱི་སྤྱི་ལེ་གྱ་དགུའི་མཚམས་ཡིན་ལ། ས་འགུལ་གྱི་གཏིང་ཚད་ལ་སྤྱི་ལེ་ལྔ་བརྒྱ་དང་དོན་ལྔ་ཡོད་པ་རེད། 

ས་འགུལ་དེ་པཱ་ཞིའི་ཡཱ་མཱ་ཞོན་ནགས་ཚལ་ཁྲོད་བྱུང་བ་རེད། ས་འགུལ་དེའི་གཏིང་ཚད་རིང་བ་དང་ཉེ་འདབས་སུ་སྡོད་དམངས་ཉུང་བས། ཆེད་མཁས་པས་ཚོད་དཔག་བྱས་པ་ལྟར་ན་ཐེངས་འདིའི་ས་འགུལ་ལས་མི་སྣར་ཤི་རྨས་ཐེབས་མི་སྲིད་ཟེར། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།