ཀྲུང་གོ་བོད་ཀྱི་དྲ་བ།

ཨ་མེ་རི་ཁའི་ནོར་སྲིད་པུའུ་ཡིས་དབྱི་ལིང་དང་འབྲེལ་བའི་ཚོགས་ཁག་དང་རྩ་འཛུགས་བཞི་ལ་བཀག་སྡོམ་བྱེད་ཐབས་ལག་བསྟར་བྱེད་རྒྱུ་ཁྱབ་སྒྲོག་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-01-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་མེ་རི་ཁའི་ནོར་སྲིད་པུའུ་ཡིས་ཚེས་ཉེར་བཞིའི་ཉིན་ཁྱབ་སྒྲོག་བྱས་དོན། དབྱི་ལིང་དང་འབྲེལ་བའི་ཚོགས་ཁག་དང་རྩ་འཛུགས་བཞི་ལ་བཀག་སྡོམ་བྱེད་ཐབས་ལག་བསྟར་བྱེད་རྒྱུ་ཡིན་ཟེར། 

ཨ་མེ་རི་ཁའི་ནོར་སྲིད་པུའུ་ཡིས་ཉིན་དེར་སྤེལ་བའི་གསལ་སྒྲོག་ལྟར་ན། བཀག་སྡོམ་ཐེབས་པ་ནི་སི་རི་ཡཱ་རུ་འགུལ་སྐྱོད་བྱེད་པ་དང་དབྱི་ལིང་ཕྱོགས་ཀྱི་རྒྱབ་སྐྱོར་ཐོབ་པའི་དམངས་དམག་རྩ་འཛུགས་གཉིས་དང་། དབྱི་ལིང་མཱ་ཧན་མཁའ་འགྲུལ་ཀུང་ཟིའི་ཁོངས་སུ་གཏོགས་པའི་དམངས་སྤྱོད་མཁའ་འགྲུལ་ཀུང་ཟི་གཅིག དབྱི་ལིང་མཱ་ཧན་མཁའ་འགྲུལ་ཀུང་ཟིར་ཞབས་ཞུ་འདོན་སྤྲོད་བྱེད་པའི་ཨེ་མེ་ནི་ཡཱའི་མཁའ་འགྲུལ་ཕྱིར་འཚོང་ཚབ་བྱེད་ཀུང་ཟི་བཅས་ཡིན་པ་རེད། 

ཨ་མེ་རི་ཁའི་འབྲེལ་ཡོད་གཏན་འཁེལ་ལྟར་ན། བཀག་སྡོམ་ཐབས་པའི་རྩ་འཛུགས་ཀྱི་ཨ་མེ་རི་ཁའི་མངའ་ཁོངས་ཀྱི་རྒྱུ་ནོར་བཀག་འཇོག་བྱས་ཡོད་པ་དང་། ཨ་མེ་རི་ཁའི་སྤྱི་དམངས་ཀྱིས་དེ་དག་བར་ཉོ་ཚོང་བྱེད་མི་རུང་བ་རེད། 

ན་ནིང་ཟླ་ལྔ་བར། ཨ་མེ་རི་ཁས་འབྲེལ་ཡོད་ཕྱོགས་སོ་སོས་ཉིས་སྟོང་བཅོ་ལྔ་ལོའི་ཟླ་བདུན་པར་བཀོད་པའི་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གནད་དོན་གྱི་གྲོས་མཐུན་ལས་ཕྱིར་འབུད་རྒྱུ་ཁྱབ་སྒྲོག་བྱས་པ་དང་། ཨ་མེ་རི་ཁ་ཕྱོགས་ཀྱིས་དེའི་རྗེས་སུ་རིམ་བཞིན་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་དབང་གིས་མཚམས་བཞག་པའི་དབྱི་ལིང་གི་བཀག་སྡོམ་བྱེད་ཐབས་སླར་གསོ་བྱས་པ་རེད།   །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།