ཀྲུང་གོ་བོད་ཀྱི་དྲ་བ།

ཨུ་རུ་སི་ཡིས་ཨ་མེ་རི་ཁ་དང་ཁྲའོ་ཞན་གྱི་མགོ་ཁྲིད་པས་མུ་མཐུད་དུ་གྲོས་མོལ་བྱེད་པར་རྒྱབ་སྐྱོར་བྱེད་རྒྱུའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-03-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་ཀྲ་ཧཱ་ལོ་ཝ་ཡིས་ཟླ་གཉིས་པའི་ཚེས་ཉེར་བརྒྱད་ཉིན་གསར་འགྱུར་ལས་རིགས་ཀྱི་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། མའོ་སི་ཁི་ཡིས་ཝ་ཧྲིན་ཐོན་དང་ཕེན་རང་གིས་མུ་མཐུད་དུ་གྲོས་མོལ་བྱེད་པའི་རེ་འདུན་ལ་རྒྱབ་སྐྱོར་བྱེད་རྒྱུ་ཡིན་པ་དང་། ཕྱོགས་གཉིས་ཀྱིས་དོན་དངོས་བྱ་སྤྱོད་ལ་བརྟེན་ནས་རེ་འདུན་དེ་སྲ་བརྟན་དུ་གཏོང་དགོས་པར་འདོད། 

ཀྲ་ཧཱ་ལོ་ཝ་ཡིས་ནན་གྱིས་བསྟན་དོན། ཨུ་རུ་སིའི་ཕྱོགས་ཀྱིས་ཨ་མེ་རི་ཁའི་ཙུང་ཐུང་ཐི་ལིང་ཕུའུ་དང་ཁྲའོ་ཞན་གྱི་ཆེས་མཐོའི་མགོ་ཁྲིད་པ་ཅིན་ཀྲིན་ཨིན་གྱིས་མུ་མཐུད་དུ་གྲོས་མོལ་བྱེད་འདོད་ཡོད་པའི་རེ་འདུན་ལ་གདེང་འཇོག་ཆེན་པོ་བྱས་པ་དང་། རེ་འདུན་དེ་དོན་དངོས་བྱ་སྤྱོད་ལ་བརྟེན་ནས་སྲ་བརྟན་དུ་གཏོང་དགོས་ལ། ཕན་ཚུན་ལ་ཀུ་ཡངས་བཏང་སྟེ་ཡིད་ཆེས་ལྡན་པའི་རྨང་གཞིའི་སྟེང་འཕེལ་རྒྱས་སུ་གཏོང་དགོས་པར་འདོད། 

ཀྲ་ཧཱ་ལོ་ཝ་ཡིས་བཤད་རྒྱུར། ཨུ་རུ་སི་ཡིས་ཁྲའོ་ཞན་ཕྱེད་གླིང་གི་ཆབ་སྲིད་ཁྱབ་ཁོངས་ཀྱི་ཕྱི་འབྲེལ་འཕེལ་རིམ་ལ་སྲུང་སྐྱོབ་བྱེད་པ་དེ་ཨུ་རུ་སི་དང་ཀྲུང་གོ་རྒྱལ་ཁབ་གཉིས་ཀྱི་འདོད་བློའི་ཁྱབ་ཁོངས་སུ་འཕེལ་རྒྱས་སུ་འགྲོ་བར་གལ་འགངས་ཧ་ཅང་ཆེ། ཨུ་རུ་སི་ཡིས་འབྲེལ་ཡོད་ཕྱོགས་སོ་སོའི་བར་གྱི་ཕྱོགས་མང་རོགས་ལས་དང་ཐུན་མོང་འབད་བརྩོན་ལ་ཤུགས་སྣོན་བྱས་ཏེ། ཁྲའོ་ཞན་ཕྱེད་གླིང་གི་གནས་བབ་གཏན་འཇགས་སུ་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།