ཀྲུང་གོ་བོད་ཀྱི་དྲ་བ།

ཁྲའོ་ཞན་གྱིས་ཧན་གོ་དང་ཨ་མེ་རི་ཁའི་མཉམ་འབྲེལ་དམག་དོན་སྦྱོང་བརྡར་དེ་ཕྱེད་གླིང་གི་ཞི་བདེ་དང་རྒྱབ་འགལ་དུ་སོང་ཡོད་པའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-03-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཁྲའོ་ཞན་ཀྲུང་དབྱང་འཕྲིན་གཏོང་ཁང་གིས་ཚེས་བདུན་ཉིན་བསྒྲགས་པ་ལྟར་ན། ཧན་གོ་དང་ཨ་མེ་རི་ཁས་ཉེ་སྔོན་གསར་དུ་མགོ་བརྩམས་པའི་ཚབ་མིང་ལ་མནའ་མཐུན་ཞེས་པའི་མཉམ་འབྲེལ་དམག་དོན་སྦྱོང་བརྡར་དེ་ཁྲའོ་ཞན་ཕྱེད་གླིང་གི་ཞི་བདེ་དང་རྒྱབ་འགལ་དུ་སོང་ཡོད་པ་དང་། ཁྲའོ་ཞན་དང་ཨ་མེ་རི་ཁའི་ཐུན་མོང་གསལ་སྒྲོག་དང་ལྷོ་བྱང་གི་བསྒྲགས་གཏམ་དགོངས་དོན་ལའང་འགལ་ཡོད་ཟེར། 

བསྒྲགས་པ་ལྟར་ན། ཧན་གོ་དང་ཨ་མེ་རི་ཁས་ཚེས་བཞིའི་ཉིན་ཚབ་མིང་ལ་མནའ་མཐུན་ཞེས་པའི་མཉམ་འབྲེལ་དམག་དོན་སྦྱོང་བརྡར་གསར་བ་ཞིག་སྤེལ་མགོ་བརྩམས། དམག་དོན་སྦྱོང་བརྡར་དེ་ཚེས་བཅུ་གཉིས་ཉིན་བར་སྤེལ་རྒྱུ་ཡིན་པ་དང་། ཐེངས་འདིའི་དམག་དོན་སྦྱོང་བརྡར་གྱི་དམིགས་ཡུལ་ནི་རྩིས་འཁོར་གྱིས་ལད་བཟོ་བྱས་པའི་ཁྲའོ་ཞན་གྱིས་ལྷོ་ཕྱོགས་སུ་བཙན་འཛུལ་བྱེད་པའི་འཐབ་འཁྲུག་སྐབས་ཀྱི་འཐབ་འཁྲུག་འཆར་གཞིར་དཔྱད་ཞིབ་བྱས་ཏེ། འཐབ་འཁྲུག་གི་ལག་བསྟར་ནུས་པ་ཇེ་མཐོར་གཏོང་བའི་ཆེད་ཡིན་ཟེར། 

བསྒྲགས་པ་ལྟར་ན། ཧན་གོའི་དམག་དཔུང་དང་ཨ་མེ་རི་ཁའི་རྒྱུན་ལྡན་མིིན་པའི་བྱ་སྤྱོད་དེས་ཁྲའོ་ཞན་ཕྱེད་གླིང་གི་ཞི་བདེ་དང་གཏན་འཇགས་ལ་རེ་སྒུག་བྱེད་པའི་མི་རིགས་ཡོངས་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་རེ་འདུན་ལ་དངོས་སུ་འགྲན་བསླངས་པ་རེད་ཟེར། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།