ཀྲུང་གོ་བོད་ཀྱི་དྲ་བ།

ཨ་མེ་རི་ཁའི་ནོར་སྲིད་པུའུ་ཡིས་ཨུ་རུ་སིའི་ཚོགས་པ་དང་མི་སྒེར་མང་བོར་བཀག་སྡོམ་བྱེད་རྒྱུ་ཁྱབ་སྒྲོག་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-03-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་མེ་རི་ཁའི་ནོར་སྲིད་པུའུ་ཡིས་ཚེས་བཅོ་ལྔ་ཉིན་ཁྱབ་སྒྲོག་བྱས་དོན། ཨུ་རུ་སིའི་ཚོགས་པ་བརྒྱད་དང་མི་སྒེར་དྲུག་ལ་བཀག་སྡོམ་བྱེད་རྒྱུ་ཡིན་ཟེར། 

ཨ་མེ་རི་ཁའི་ནོར་སྲིད་པུའུ་ཡིས་ཉིན་དེར་སྤེལ་བའི་གསལ་སྒྲོག་ལྟར་ན། བཀག་སྡོམ་བྱ་ཡུལ་ཁྲོད་དུ་མི་བཞི་ནི་ཨུ་རུ་སི་རྒྱལ་ཕྲན་མཉམ་འབྲེལ་བདེ་འཇགས་ཅུའུ་ཡི་དཔོན་རིགས་རེད། ཁོ་ཚོ་ན་ནིང་ཟླ་བཅུ་གཅིག་པར་ཨུ་རུ་སི་དང་ཝུའུ་ཁི་ལན་གྱི་ཁི་ཁྲུ་མཚོ་འགག་གི་འཁྲུག་རྩོད་ལ་ཞུགས་པའི་དོགས་གཞི་ཡོད་པ་དང་། མི་གཉིས་ན་ནིང་ཟླ་བཅུ་གཅིག་པར་ཝུའུ་ཁི་ལན་ར་ཕྱོགས་ས་ཁུལ་ནས་སྤེལ་བའི་ཁྲིམས་འགལ་འདེམ་བསྐོའི་རྩ་འཛུགས་ནང་ཞུགས་པའི་དོགས་གཞི་ཡོད་ཟེར། 

དེ་ལས་གཞན་ཨ་མེ་རི་ཁ་ཕྱོགས་ཀྱིས་ད་རུང་ཨུ་རུ་སིའི་འགོག་སྲུང་ཁེ་ལས་དྲུག་དང་། བཟོ་སྐྲུན་ཁེ་ལས་གཅིག ནུས་ཁུངས་ཁེ་ལས་གཅིག་བཅས་ལ་བཀག་སྡོམ་བྱེད་རྒྱུ་ཁྱབ་སྒྲོག་བྱས། གསལ་སྒྲོག་ལས་བཤད་རྒྱུར། བཀག་སྡོམ་ཐེབས་པའི་མི་སྒེར་དང་ཚོགས་པའི་ཨ་མེ་རི་ཁའི་མངའ་ཁོངས་ཀྱི་རྒྱུ་ནོར་བཀག་འཇོག་བྱེད་རྒྱུ་ཡིན་ལ། ཨ་མེ་རི་ཁའི་སྤྱི་དམངས་ཀྱིས་དེ་དག་བར་ཉོ་ཚོང་བྱེད་མི་རུང་ཟེར། 

གསལ་སྒྲོག་ལས་བཤད་རྒྱུར། ཡོ་རོབ་གླིང་མནའ་འབྲེལ་དང་ཁཱ་ནཱ་ཏཱ་ཡིས་ཀྱང་ཉིན་དེར་ཝུའུ་ཁི་ལན་གནད་དོན་ཐད་ནས་ཨུ་རུ་སི་ལ་བཀག་སྡོམ་བྱེད་ཐབས་ལག་བསྟར་བྱས་པ་རེད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།