ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གོ་དང་ཕཱ་ཁི་སི་ཐན་གྱིས་ཕྱི་འབྲེལ་བློན་ཆེན་གྱི་འཐབ་ཇུས་གྲོས་མོལ་ཐོག་མ་སྤེལ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-03-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཀྲུང་གོའི་རྒྱལ་སྲིད་ཨུ་ཡོན་དང་ཕྱི་འབྲེལ་པུའུ་ཀྲང་གི་འགན་གཅིག་ལྕོགས་སུ་ཁུར་མཁན་ཝང་དབྱེ་ཡིས་ཚེས་བཅུ་དགུའི་ཉིན་པེ་ཅིང་ནས་ཕཱ་ཁི་སི་ཐན་གྱི་ཕྱི་འབྲེལ་བློན་ཆེན་ཁུའུ་ལོས་ཞེ་དང་མཉམ་དུ་ཀྲུང་གོ་དང་ཕཱ་ཁི་སི་ཐན་གྱི་ཕྱི་འབྲེལ་བློན་ཆེན་གྱི་འཐབ་ཇུས་གྲོས་མོལ་ཐོག་མ་སྤེལ་བར་མ་ཟད་མཉམ་དུ་གསར་འགོད་པའི་སྣེ་ལེན་ཚོགས་འདུར་ཞུགས། 

ཝང་དབྱེ་ཡིས་བསྟན་དོན། ཀྲུང་གོ་དང་ཕཱ་ཁི་སི་ཐན་གྱི་ཕྱི་འབྲེལ་བློན་ཆེན་གྱི་འཐབ་ཇུས་གྲོས་མོལ་དེ་ཀྲུང་གོ་དང་ཕཱ་ཁི་སི་ཐན་གྱི་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བའི་འཕེལ་རྒྱས་ཀྱི་དངོས་ཡོད་རེ་བ་དང་འཚམ་ལ། དོན་སྙིང་གལ་ཆེན་ལྡན་ཟེར། 

ཝང་དབྱེ་ཡིས་བཤད་རྒྱུར། ང་ཚོས་གཅིག་གྱུར་སྒོས་བལྟས་ན། ཨེ་ཤ་ཡཱ་ལྷོ་མའི་ཞི་བདེ་དང་གཏན་འཇགས་དེ་ས་ཁུལ་དེའི་རྒྱལ་ཁབ་དག་གི་ཐུན་མོང་ཁེ་ཕན་དང་འཚམ་པར་མ་ཟད། རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཐུན་མོང་རེ་སྒུག་དང་ཡང་འཚམ་པར་འདོད། ཀྲུང་གོའི་ཕྱོགས་ཀྱིས་ཕཱ་ཁི་སི་ཐན་ཕྱོགས་ཀྱིས་གནས་བབ་ཞི་འཇགས་སུ་གཏོང་བའི་ཐད་འབད་བརྩོན་གང་ལེགས་བྱས་པར་གཟེངས་བསྟོད་བྱེད་བཞིན་ཡོད་པ་དང་། ཕཱ་ཁི་སི་ཐན་དང་རྒྱ་གར་ཕྱོགས་གཉིས་ཀྱིས་རང་ཚོད་བཟུང་ཞིང་། གྲོས་མོལ་དང་ཞི་བདེའི་བྱེད་ཐབས་ལ་བརྟེན་ནས་འགལ་བ་ཐག་གཅོད་བྱེད་དགོས་པའི་འབོད་སྐུལ་གཏོང་བཞིན་ཡོད་ཟེར། 

ཁུའུ་ལོས་ཞེ་ཡིས་བསྟན་དོན། ཕཱ་ཁི་སི་ཐན་དང་ཀྲུང་གོ་ནི་འཐབ་ཇུས་མཉམ་ལས་གྲོགས་པོ་ཡིན་པ་དང་། ཕཱ་ཁི་སི་ཐན་རྒྱལ་ཡོངས་མི་དམངས་ཀྱིས་ཕཱ་ཁི་སི་ཐན་དང་ཀྲུང་གོའི་དཔལ་འབྱོར་བར་འཁྱམ་འཛུགས་སྐྲུན་བྱེད་པར་བརྩོན་ལེན་བྱས་ཏེ་རྒྱལ་ཁབ་གཉིས་ཀྱི་ཁྱབ་ཁོངས་སོ་སོའི་མཉམ་ལས་རྒྱ་བསྐྱེད་འདོད་ཡོད་ཟེར། ཙུང་ལི་དབྱེ་མུའུ་ལན་ཧན་ཀྲུང་གོར་ཡོང་ནས་སྐབས་གཉིས་པའི་བརྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་ཀྱི་མཐོ་རིམ་གླེང་སྟེགས་ལ་ཞུགས་ནས། ཕཱ་ཁི་སི་ཐན་དང་ཀྲུང་གོའི་འབྲེལ་བར་གྲུབ་འབྲས་སྔར་ལས་བཟང་བོ་ཐོབ་པར་སྐུལ་འདེད་གཏོང་བར་རེ་སྒུག་བྱས་ཡོད་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།