ཀྲུང་གོ་བོད་ཀྱི་དྲ་བ།

སུའུ་ཏན་བར་བརྒལ་དམག་དོན་ཨུ་ཡོན་ལྷན་ཁང་གིས་ཁྲིམས་འཛིན་ལས་ཁུངས་ཀྱི་འགན་ཁུར་བའི་ལས་འགན་མེད་པར་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-04-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  སུའུ་ཏན་བར་བརྒལ་དམག་དོན་ཨུ་ཡོན་ལྷན་ཁང་གིས་ཚེས་བཅུ་དྲུག་ཉིན་སྤྱི་སྒྲོག་སྤེལ་ཏེ། སུའུ་ཏན་གྱི་སྤྱི་ཁྱབ་ཞིབ་དཔྱོད་དཔོན་པོ་དང་པོ་དང་གཞོན་པ་གཉིས་དང་། ཞུ་གཏུག་ལས་ཁུངས་ཀྱི་འགན་ཁུར་བའི་ལས་འགན་མེད་པར་གཏོང་རྒྱུ་ཁྱབ་སྒྲོག་བྱས་ཡོད་ཟེར། 

སྤྱི་སྒྲོག་ལས་བཤད་རྒྱུར། བར་བརྒལ་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་པུའུ་ཨར་ཧན་གྱི་ཉིན་དེའི་བཀའ་རྒྱ་ལྟར་ན། སུའུ་ཏན་གྱི་སྤྱི་ཁྱབ་ཞིབ་དཔོན་དཔོན་པོ་སཱ་ལཱ་མུའུ་དང་སུའུ་ཏན་ཞུ་གཏུག་ལས་ཁུངས་ཀྱི་འགན་ཁུར་བ་མཱ་ཅི་ཏི་སོགས་ཀྱི་ལས་འགན་མེད་པར་གཏོང་རྒྱུ་ཡིན་ཟེར། མཱ་ཧཱ་མའོ་ཏི་དེ་སུའུ་ཏན་གྱི་སྤྱི་ཁྱབ་ཞིབ་དཔྱོད་དཔོན་པོར་བསྐོ་འཇོག་བྱེད་རྒྱུ་ཡིན་ཟེར། 

སྤྱི་སྒྲོག་ལས་བཤད་རྒྱུར། སུའུ་ཏན་ཁྲིམས་འཛིན་ཁོངས་གཏོགས་ལ་བཅོས་བསྒྱུར་གང་ལེགས་བྱེད་པ་ནི་མིག་སྔའི་སུའུ་ཏན་མང་ཚོགས་ཀྱི་ཆེས་འབུར་དུ་ཐོན་པའི་རེ་བ་ཞིག་ཡིན་ཟེར། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།